藏传佛教 · 德格甘珠尔 · 经部

德格《甘珠尔》D262

sangs rgyas kyi mtshan lnga stong bzhi brgya lnga bcu rtsa gsum pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D262

完整藏文原文 · 德格版页 当前仅加载第 67 函德格 10a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

གཤེགས་པ་རྒྱལ་མཚན་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་ཉིད་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དོན་ཐམས་ཅད་ཡོངས་སུ་དག་པའི་ཡོན་ཏན་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མི་མཆོག་

D262.067.0010a01.01
2

དབང་པོའི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཚད་མེད་སྟོབས་ཀྱི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཀུན་ཏུ་སྣང་བར་འབར་བའི་དབང་ཕྱུག་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འོད་བྱེད་ཟླ་བའི་དཔལ་ལ་ཕྱག་འཚལ་ལོ། །

D262.067.0010a02.01
3

དེ་བཞིན་གཤེགས་པ་ཆོས་ཀྱི་དབང་ཕྱུག་ཡེ་ཤེས་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མི་ཚུགས་སྟོབས་ཀུན་ཏུ་སྣང་བའི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རིན་ཆེན་མར་མེ་ཀུན་ཏུ་སྣང་བའི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་

D262.067.0010a03.01
4

པ་དབང་པོ་མཆོག་རབ་བློ་གྲོས་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དཀོན་མཆོག་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཤིན་ཏུ་སྤྲུལ་པ་ཆོས་དབྱིངས་དབྱངས་ཀྱི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྒྱ་ཆེན་འོད་ཡེ་ཤེས་དཔལ་གྱི་

D262.067.0010a04.01
5

དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འབར་བའི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ངེས་པའི་ཆོས་ཀྱི་རྒྱལ་པོའི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འོད་ཀྱི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མཐའ་ཡས་

D262.067.0010a05.01
6

དཔལ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་ཡེ་ཤེས་དཔལ་ཡོན་ཏན་དཔལ་གྱི་རྒྱལ་མཚན་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཚད་མེད་དཔལ་ཚུལ་དཔལ་གྱི་རྒྱལ་མཚན་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཀུན་ཏུ་ཡེ་ཤེས་རིན་

D262.067.0010a06.01
7

ཆེན་འོད་ཟེར་དཔལ་ཡོན་ཏན་དཔལ་གྱི་རྒྱལ་མཚན་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཀུན་ཏུ་བསྒྲགས་པར་གྲགས་པའི་རྒྱལ་མཚན་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་སྟོབས་དཔའ་བའི་རྒྱལ་མཚན་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་

D262.067.0010a07.01