完整藏文原文 · 德格版页 当前仅加载第 100 函德格 150b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཅད་ལས་ཐར་པར་འགྱུར་རོ། །དུད་འགྲོའི་སྐྱེ་གནས་སུ་སོང་བ་ཐམས་ཅད་ཀྱང་ཐར་བར་འགྱུར་རོ། །ལྷ་ཁང་དུ་ཞུགས་ཏེ་བཟླས་བརྗོད་བྱས་ན་ལྷ་ཐམས་ཅད་དེས་ཅི་བསྒོ་བ་བཞིན་བྱེད་པར་འགྱུར་རོ། །ཀླུའི་གནས་སུ་ཞུགས་ཏེ་བཟླས་བརྗོད་བྱས་ན་ཀླུ་རྣམས་དབང་དུ་འགྱུར་རོ། །ཉི་མ་ལ་
D885.100.0150b01.01ཁ་བལྟས་ཏེ་བཟླས་བརྗོད་བྱས་ན་ཉི་མ་མངོན་སུམ་དུ་བབས་ནས་མདུན་ན་འདུག་ཅིང་མཆོག་ཅི་སྨྲ་བ་དེ་སྦྱིན་པར་བྱེད་དོ། །ལག་ན་རྡོ་རྗེའི་མདུན་དུ་བཟླས་བརྗོད་བྱས་ན་མཆོག་ཐམས་ཅད་སྟེར་ཅིང་མཐོང་བར་ཡང་འགྱུར་རོ། །ཤུ་དག་ལ་སྔགས་སྟོང་རྩ་བརྒྱད་བཟླས་ནས་དེ་ཟོས་ནས་རྒྱལ་
D885.100.0150b02.01པོའི་ཕོ་བྲང་དུ་ཞུགས་ན་རྒྱལ་པོའི་བཙུན་མོ་འཁོར་དང་བཅས་པ་དགའ་བར་འགྱུར་རོ། །ཅི་སྨྲས་པ་དེ་སྦྱིན་པར་བྱེད་དོ། །ན་ལེ་ཤམ་གྱི་འབྲུ་ལ་ལན་བདུན་བཟླས་ཏེ་ཁར་བཅུག་ན་ཅི་སྨྲས་པ་སྟེར་བར་བྱེད་ཅིང་དབང་དུ་འགྱུར་རོ། །ཡུངས་ཀར་ལ་སྟོང་རྩ་བརྒྱད་བཟླས་ཏེ་ནམ་མཁའ་ལ་
D885.100.0150b03.01གཏོར་ན་རླུང་དང་། སེར་བ་ཐམས་ཅད་བཀག་པར་འགྱུར་རོ། །ལན་ཚྭ་ལ་ལན་བརྒྱ་རྩ་བརྒྱད་བཟླས་ཏེ་བྲམ་ཟེ་རྣམས་ལ་བྱིན་ན་གང་དང་གང་གིས་ལན་ཚྭ་ཟོས་པ་དེ་དང་དེ་ཁོ་ན་དབང་དུ་འགྱུར་རོ། །རྒྱལ་རིགས་དབང་དུ་བྱ་ན་ཡུངས་ཀར་གྱི་སྦྱིན་སྲེག་བྱའོ། །གུ་གུལ་ལ་སྔགས་
D885.100.0150b04.01སྟོང་རྩ་བརྒྱད་བཟླས་ཏེ། གང་དང་གང་གི་གདོན་ལ་བདུགས་ན་དེ་དང་དེ་ཉིད་འབབ་པར་འགྱུར་རོ། །བདུགས་ན་གདོན་ཐམས་ཅད་ལས་ཐར་བར་འགྱུར་རོ། །ཆར་མི་འབབ་པའི་ཚེ་ཀླུའི་གཟུགས་བྱས་ཏེ། གནས་གྲུ་བཞིར་བྱས་ལ་བ་སེར་མོའི་ལྕི་བ་ལས་ཀླུ་མགོ་གསུམ་པ་བྱས་
D885.100.0150b05.01ལ་སྙིང་གར་གསེར་གྱིས་གླན་པར་བྱའོ། །ལུས་ནི་ལི་ཁྲིས་བྱུག་པར་བྱའོ། །གནས་ཀྱི་གཞི་ནི་སྔོན་པོར་བསྐུ་བར་བྱའོ། །གནས་གྲུ་བཞི་ནི་ཤིང་པ་ལ་ཤ་ལྟར་ཁ་དོག་སྔོན་པོར་བྱའོ། །བུམ་པ་གང་བ་བཞི་གཞག་པར་བྱའོ། །པོག་པོར་བཞི་གཞག་པར་བྱའོ། །བུམ་པ་བཞི་
D885.100.0150b06.01གཞག་པར་བྱ་སྟེ། གཅིག་ནི་འོ་མ། གཅིག་ནི་ཞོ། གཅིག་ནི་འོ་ཐུག །གཅིག་ནི་ཞུན་མར་བུ་རམ་ཅན་ནོ། །བའི་ལྕི་བས་གླིང་བཞི་པའི་དཀྱིལ་འཁོར་བྲི་བར་བྱའོ། །གྲྭ་བཞིར་ཕྱེས་པདྨ་བྲི་བར་བྱའོ། །མདའ་བཞི་བཙུགས་ལ་ཚོན་སྐུད་སྣ་ལྔས་བསྐོར་བར་བྱའོ། །ཚོན་
D885.100.0150b07.01