完整藏文原文 · 德格版页 当前仅加载第 100 函德格 156b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
པ་སྐུ་གཟུགས་ཀྱི་ཆོ་ག་རྣམས་བྱའོ། །དེ་ནས་རིག་པ་འཛིན་པ་གོས་དཀར་པོ་བགོས་ཏེ། ཟས་དཀར་གསུམ་ཟ་བས་ཚེས་བརྒྱད་ནས་ཚེས་བཅོ་ལྔ་ཉའི་བར་དུ་སྐུ་གཟུགས་ཀྱི་མདུན་དུ་བཟླས་བརྗོད་འབུམ་ཚང་བར་བྱའོ། །དེ་ནས་སྐུ་གཟུགས་འགུལ་ཞིང་བདག་ཉིད་འབར་བར་མཐོང་བར་
D885.100.0156b01.01འགྱུར། སྒྲིབ་པ་མེད་པའི་མིག་ཐོབ་པར་འགྱུར། ནོར་བུ་རྣམ་དག་སྤྱོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པར་འགྱུར། རིག་འཛིན་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བར་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་མཐོང་བར་འགྱུར། བཟླས་བརྗོད་བྱས་པ་ཙམ་གྱི་མོད་ལ་དམྱལ་བ་
D885.100.0156b02.01དང་། དུད་འགྲོའི་སྐྱེ་གནས་ལས་ཐར་བར་འགྱུར། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སོགས་པ་ཐམས་ཅད་སྤངས་པར་འགྱུར། སེར་སྣའི་དྲི་མ་དང་བྲལ་བར་འགྱུར། བསོད་ནམས་ཐམས་ཅད་དང་ལྡན་པར་འགྱུར། བདེ་བ་ཐམས་ཅད་དང་ལྡན་པར་
D885.100.0156b03.01འགྱུར། དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་བཟུང་བར་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་འགྱུར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དབུགས་འབྱིན་པར་འགྱུར། ལྷ་ཐམས་ཅད་ཀྱིས་ཡང་དག་པར་བཟུང་
D885.100.0156b04.01བར་འགྱུར། གནོད་སྦྱིན་དང་། སྲིན་པོ་དང་། {ཡི་དགས་,ཡི་དྭགས་}དང་། ཤ་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་ཐམས་ཅད་ཀྱིས་ཀྱང་སྲུང་བར་འགྱུར། རྒྱལ་པོའི་ཕོ་བྲང་ཐམས་ཅད་དུ་མཆོད་པའི་
D885.100.0156b05.01བོས་སུ་འགྱུར། འཇིག་རྟེན་ཐམས་ཅད་ལ་དབང་བསྐུར་བར་འགྱུར། ཡོན་ཏན་དང་། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་བཟུང་བར་འགྱུར། དེ་ལ་སོགས་པ་ཡོན་ཏན་གྱི་ཁྱད་པར་ཐོབ་པར་འགྱུར། མཐོང་བ་ཙམ་མམ། བཟླས་བརྗོད་བྱས་པ་ཙམ་མམ། བཀླགས་
D885.100.0156b06.01པ་ཙམ་གྱིས་ཡོན་ཏན་དང་། ཕན་ཡོན་འདི་དག་ཡོངས་སུ་བཟུང་བར་འགྱུར་ན་ཆེས་ལྷག་པར་མང་དུ་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས། གང་ཞིག་ཀློག་པར་བྱེད་པ་དང་། འདོན་པར་བྱེད་པ་དང་། བཟླས་བརྗོད་ལ་མངོན་པར་བརྩོན་པར་བྱེད་པ་དང་། སྒྲུབ་པར་བྱེད་པ་དང་།
D885.100.0156b07.01