完整藏文原文 · 德格版页 当前仅加载第 100 函德格 154a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
སུ་རིན་པོ་ཆེ་སྣ་བདུན་གྱི་གཞལ་མེད་ཁང་དང་སངས་རྒྱས་ཀྱི་པདྨའི་གདན་བཀྲ་ཞིང་ཚོན་སྣ་བདུན་དང་ལྡན་པ་བྱའོ། །པདྨའི་སྙིང་པོའི་སྟེང་དུ་གསེར་གྱི་འཁོར་ལོ་རྩིབས་སྟོང་པ་མུ་ཁྱུད་དང་ལྟེ་བ་དང་ལྡན་པ་ཀུན་ནས་འབར་བའི་ཕྲེང་བ་ཅན་ཏེ་ཡུ་བ་ནི་བཻ་ཌཱུརྱའོ། །
D885.100.0154a01.01དཀྱིལ་འཁོར་གྱི་སྙིང་པོ་ལ་ཀུན་ནས་ཁ་ཁྱེར་དང་ལྡན་པར་བྱའོ། །ཤར་ལ་སོགས་པའི་སྒོར་ནི་ཁྲུའི་ཚད་ཙམ་གྱི་གདུགས་དང་། རྒྱལ་མཚན་དང་། ཚོན་སྣ་ལྔའི་རྒྱ་ནག་གི་གོས་ཟུང་གིས་བརྒྱན་པར་བྱའོ། །གཡོན་དུ་ལག་ན་རྡོ་རྗེ་བསྡིགས་པའི་གཟུགས་ཅན་རྔ་ཡབ་དང་མཚོན་
D885.100.0154a02.01ཆ་ཐོགས་ཤིང་བཞུགས་པའོ། །གཡས་སུ་བྱང་ཆུབ་སེམས་དཔའ་ནོར་བུ་རྡོ་རྗེ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་གཡས་པ་ན་ནོར་བུ་དང་རྔ་ཡབ་ཐོགས་ནས་བཞུགས་པའོ། །ཟུར་བཞིར་རྒྱལ་པོ་ཆེན་པོ་བཞི་བྲི་བར་བྱ་སྟེ། གོ་ཆ་དང་ཚེམ་ཚེམ་བགོས་ཤིང་ལག་ན་མཚོན་ཆ་ཐོགས་པ།
D885.100.0154a03.01རྒྱན་ཐམས་ཅད་དང་། རལ་པའི་ཅོད་པན་དང་ལྡན་པ་དྲག་པོའི་གཟུགས་ཅན་བྲི་བར་བྱའོ། །མཚམས་བཞིར་སྤོས་ཆུས་གང་བའི་གསེར་གྱི་སྣོད་བཞི་གཞག་པར་བྱའོ། །གལ་ཏེ་གསེར་གྱི་སྣོད་མེད་ན་རྫའི་བུམ་པ་ཚད་མི་ཆུང་བ་ལ་གསེར་གཡོགས་ནས་བྱའོ། །དེ་ལྟ་བུའི་སྣོད་
D885.100.0154a04.01མི་འཛག་པར་འོ་མས་གང་བར་བྱས་ནས་ཕྱོགས་བཞིར་གཞག་པར་བྱའོ། །དཀྱིལ་འཁོར་གྱི་གཡས་ལོགས་སུ་ལྷ་མོ་དཔལ་ཆེན་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །གཡོན་དུ་ལྷ་མོ་ཆེན་མོ་དུང་ཅན་མ་བཞུགས་པ་བྲིའོ། །སྒོའི་དབུས་སུ་ལྷ་མོ་ཆེན་མོ་རྡོ་རྗེ་ཕོ་ཉ་མོ་ཕྱག་བརྒྱད་པ་
D885.100.0154a05.01ལག་ན་མཚོན་ཆ་སྣ་ཚོགས་ཐོགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་བཞུགས་པ་བྲིའོ། །དཀྱིལ་འཁོར་གྱི་སྙིང་པོའི་ཕྱོགས་བཞིར་དར་སྔོན་པོ་འཕྱང་བ་དང་། བཅུད་སྣ་ཚོགས་གཞག་པར་བྱའོ། །ཚུལ་སྣ་ཚོགས་གཞག་པར་བྱའོ། །བུམ་པ་གང་བ་བཞི་དང་། མར་མེ་
D885.100.0154a06.01སུམ་ཅུ་རྩ་གཉིས་དང་། འབྲས་བུ་དང་མེ་ཏོག་སྣ་ཚོགས་རྣམས་གཞག་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་ནི་གསེར་ལས་གྲུབ་པའི་བུམ་པ་གཞག་གོ། །སོ་སོར་ཏུ་རུཥྐ་བསྲེག་པར་བྱའོ། །དཀྱིལ་འཁོར་གྱི་སྙིང་པོར་དངུལ་གྱི་རང་བཞིན་གྱི་བུམ་པ་གཞག་གོ། །
D885.100.0154a07.01