完整藏文原文 · 德格版页 当前仅加载第 100 函德格 155a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
འཐོབ་ཅིང་རྗེས་སུ་རྟོགས་པར་འགྱུར་རོ། །བྱང་ཆུབ་ཀྱི་སྙིང་པོར་འགྲོ་བར་འགྱུར་རོ། །དེ་ལྟ་བུ་ལ་སོགས་པ་ཡོན་ཏན་གྱི་ཁྱད་པར་རྣམས་འཐོབ་སྟེ། ཇི་སྲིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་མ་རྫོགས་ཀྱི་བར་དུ་ཕྱིར་མི་ལྡོག་པར་འགྱུར་
D885.100.0155a01.01རོ། །དཀྱིལ་འཁོར་གྱི་ཆོ་ག་སྒྲུབ་པའི་ལེའུ་སྟེ་ཆོ་ག་གསུམ་པའོ།། །།དེ་ནས་ཕྱག་རྒྱའི་མཚན་ཉིད་བཤད་པར་བྱའོ། །སྙིང་པོ་ཆེན་པོ་བཞིའི་ཕྱག་རྒྱ་ལ་སྦྱར་བ་དང་། དེ་བཞིན་གཤེགས་པའི་རིགས་སྤྱི་ལ་སྦྱར་བ་དང་། ལག་ན་རྡོ་རྗེའི་སྙིང་པོ་བཞིའི་ཕྱག་རྒྱ་བཏུས་
D885.100.0155a02.01པ་རྣམས་དང་། དཀྱིལ་འཁོར་གྱི་གདན་གྱི་ཕྱག་རྒྱ་དང་། ཕྱག་རྒྱ་གཞན་ཡང་བརྩམ་པར་བྱའོ། །འདིར་དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱ་ལ་སྦྱར་བའི་ཆོ་ག་དང་། ཕྱི་རོལ་གྱི་ཕྱག་རྒྱ་གཟུང་བར་བྱའོ། །ཐམས་ཅད་དུ་ཕྱག་རྒྱ་གཞན་རྣམས་ཇི་ལྟར་བདེ་བར་བརྗོད་
D885.100.0155a03.01དོ། །ཇི་ལྟར་དེ་བཞིན་གཤེགས་པའི་རིགས་ལ་སྦྱར་བ་ནི། ཨོྃ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་མ་ཎི་ཛྭ་ལ་ནི་ཨཱ་བེ་ཤ་བ་ཧཱུྃ། དེ་བཞིན་གཤེགས་པའི་སྙིང་པོ་དང་ཕྱག་རྒྱའོ། །ཨོྃ་སརྦ་ཏ་ཐཱ་ག་ཏ་པྲ་པ་རཱ་གྲ་མ་ཎི་ཧཱུྃ། དེ་བཞིན་གཤེགས་པའི་དམ་ཚིག་གི་ཕྱག་རྒྱའོ། །ཨོྃ་སརྦ་ཏ་ཐཱ་ག་
D885.100.0155a04.01ཏ་བཱི་སཾ་བོ་དྷ་བཛྲ་ཧཱུྃ་ཧཱུྃ། དེ་བཞིན་གཤེགས་པའི་དབུགས་དབྱུང་བའི་ཕྱག་རྒྱའི། །ཨོྃ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྵཱ་ན་མ་ཎི་མ་ཎི་ཧཱུྃ་ཧཱུྃ་ཕཊ། དེ་བཞིན་གཤེགས་པའི་བྱིན་གྱི་བརླབས་ཀྱི་ཕྱག་རྒྱའོ། །ཨོྃ་སརྦ་ཏ་ཐཱ་ག་ཏ་པྲ་བ་ར་མ་ཎི་རུ་ཙི་རེ་ཧཱུྃ་ཧཱུྃ་ཕཊ། དེ་བཞིན་གཤེགས་པའི་རྡོ་རྗེ་སེང་གེའི་
D885.100.0155a05.01ཁྲིའི་ཕྱག་རྒྱའོ། །ཨོྃ་སརྦ་ཏ་ཐཱ་ག་ཏ་བི་པུ་ལ་སཾ་བྷ་བེ་ཧཱུྃ་ཧཱུྃ་ཕཊ། དེ་བཞིན་གཤེགས་པའི་དབང་བསྐུར་བའི་ཕྱག་རྒྱའོ། །ཨོྃ་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་མ་ཎི་བཛྲ་ཧཱུྃ་ཧཱུྃ། ཆོས་ཀྱི་འཁོར་ལོའི་ཕྱག་རྒྱའོ། །ཨོྃ་སརྦ་ཏ་ཐཱ་ག་ཏ་ཛ་ཡ་ཨ་པ་རཱ་ཛ་ཏ་བཛྲ་ཧཱུྃ་ཧཱུྃ། གཞན་གྱིས་མི་ཐུབ་པའི་
D885.100.0155a06.01ཕྱག་རྒྱའོ། །ཨོྃ་སརྦ་ཏ་ཐཱ་ག་ཏ་དྷརྨ་དྷཱ་ཏུ་མ་ཧཱ་མ་ཎི་ཤི་ཁ་རེ་ཧ་ར་ཧ་ར་ཧཱུྃ་ཧཱུྃ། དེ་བཞིན་གཤེགས་པའི་འཁོར་ལོ་སྐོར་བའི་ཕྱག་རྒྱའོ། །ཨོྃ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་བཛྲ་ཧ་ར་ཧ་ར་ཡ་དྷ་ར་དྷ་ར་ཧཱུྃ་ཕཊ། འཕགས་པ་ལག་ན་རྡོ་རྗེས་གཟུང་བའི་ཕྱག་རྒྱའོ། །ཨོྃ་དུ་རུ་དུ་རུ་མ་ཎི་མ་ཎི་མ་ཧཱ་བིནྡུ་
D885.100.0155a07.01