完整藏文原文 · 德格版页 当前仅加载第 100 函德格 153b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
བྱང་ཆུབ་སེམས་དཔའ་རྣམས་ལ་གསོལ་བ་གདབ་པའི་སྔགས་སོ། །ཨོྃ་ཨ་བྷི་ས་མ་ཡེ་བཛྲ་དྷ་ར་དྷ་ར་ཧཱུྃ། ལྷ་དང་། ཀླུ་ལ་སོགས་པ་ཐམས་ཅད་བོད་པའི་སྔགས་སོ། །ཨོྃ་མ་ཎི་བེ་ག་བ་ཏི་ཧཱུྃ། རྒྱལ་པོ་ཆེན་པོ་བཞི་བོད་པའི་སྔགས་སོ། །ཨོྃ་ཤུ་པ་མ་ཎི་ཧུ་ལུ་ཧུ་ལུ་ཧཱུྃ། སློབ་མའི་
D885.100.0153b01.01སྔགས་སོ། །ཨོྃ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་བཛྲི་ཎི་དྷ་ར་དྷ་ར་ཧཱུྃ་ཧཱུྃ། འཇུག་པའི་སྔགས་སོ། །ཨོྃ་བཱི་ར་བཱི་ར་ཛེ་ག་ག་ན་བཱ་ཧི་ནི་ལི་ཧུ་ལུ་ཧུ་ལུ་ཧཱུྃ་ཧཱུྃ་ཧཱུྃ། ཐམས་ཅད་དུ་མཁྱེན་པར་བྱ་བའི་སྔགས་སོ། །ཨོྃ་མ་ཎི་སུཾ་བྷ་ནི་བེ་ག་བ་ཏི། བདག་དང་ཆེ་གེ་མོ་ལ་སྲུངས་ཤིག་ཧཱུྃ། སྲུང་པའི་
D885.100.0153b02.01སྔགས་སོ། །ཨོྃ་སརྦ་ཏ་ཐཱ་ག་ཏ་ཀུ་ལོ་ཏི་ཏེ་སྨ་ར་ཎ་བི་ག་ཏེ། ཛྭཱ་ལ་ཛྭཱ་ལ་ཧཱུྃ་སྭཱ་ཧཱ། སླར་གཤེགས་སུ་གསོལ་བའི་སྔགས་སོ། །ཐམས་ཅད་ལ་སྦྱར་བར་བྱའོ། །སྙིང་པོ་འདི་རྣམས་ཀྱི་ཕན་ཡོན་ནི་འདི་དག་ཐམས་ཅད་ཡིན་ཏེ་དཔག་ཏུ་མེད་དོ། །ཐམས་ཅད་དུ་ཡང་ལན་བརྒྱ་རྩ་
D885.100.0153b03.01བརྒྱད་བཟླས་བརྗོད་བྱས་ཏེ། དེ་ནས་དགོས་པ་བརྩམ་པར་བྱའོ། །འདི་བཏོན་པས་ནི་ཐམས་ཅད་འགྲུབ། །འདིས་ནི་འགྲོ་བའི་སྡིག་ཀུན་སེལ། །སྡིག་པ་དེ་ཀུན་ཟད་བྱེད་ཅིང་། །སྡུག་བསྔལ་ཀུན་ལས་རྣམ་པར་གྲོལ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དག །ལུང་སྟོན་
D885.100.0153b04.01འགྱུར་ཏེ་ཐེ་ཚོམ་མེད། །གང་གིས་སྔ་མར་སྡིག་པའི་ལས། །མང་པོ་བྱས་པ་འཇིག་པར་འགྱུར། །རིག་པ་བླ་མེད་སུ་འཛིན་པ། །དེ་དག་མྱུར་དུ་སངས་རྒྱས་འགྲུབ། །ཆོས་ཀྱི་འཁོར་ལོ་བླ་མེད་པའི། །བྱང་ཆུབ་རྟོགས་པར་སླ་བ་དང་། །ཇི་ལྟར་གང་གཱའི་བྱེད་སྙེད་ཀྱི། །
D885.100.0153b05.01བསོད་ནམས་དཔག་ཏུ་མེད་འཐོབ་བོ། །རིགས་སྔགས་རྒྱས་པར་སྒྲུབ་པའི་ལེའུ་སྟེ་ཆོ་ག་གཉིས་པའོ།། །།དེ་ནས་དཀྱིལ་འཁོར་གྱི་ཆོ་ག་བཤད་པར་བྱའོ། །སྔོན་དུས་ཡོངས་སུ་བརྟགས་ནས་ཕྱི་ནས་ལས་བརྩམ་པར་བྱའོ། །དྲིའི་སྣོད་གཙང་མར་བླུགས་པའི་ཚོན་སྣ་ལྔའི་ཕྱེ་མས་
D885.100.0153b06.01དཀྱིལ་འཁོར་སྒོ་བཞི་པ་བྲིའོ། །དེ་ནས་དཀྱིལ་འཁོར་གྱི་དབུས་སུ་ཙནྡན་གྱིས་བྱུགས་ཏེ་གུར་གུམ་གྱིས་མཆོད་པར་བྱའོ། །དབུས་ཀྱི་དཀྱིལ་འཁོར་གྱི་ཚད་ནི་ཁྲུ་གཉིས་པའོ། །ཕྱིའི་དཀྱིལ་འཁོར་ནི་ཁྲུ་བཞི་པ་རྭའི་རང་བཞིན་དང་ལྡན་པའོ། །དཀྱིལ་འཁོར་གྱི་སྙིང་པོའི་དབུས་
D885.100.0153b07.01