藏传佛教 · 德格甘珠尔 · 般若杂集

德格《甘珠尔》D14

'phags pa rab kyi rtsal gyis rnam par gnon pas zhus pa shes rab kyi pha rol tu phyin pa bstan pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D14

完整藏文原文 · 德格版页 当前仅加载第 34 函德格 54b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ཤེས་པའམ། མི་ཤེས་པར་འགྱུར་བའི་ཆོས་གང་ཡང་མི་དམིགས་སོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་བསྲུང་བའམ། སྦ་བའི་སླད་

D14.034.0054b01.01
2

དུ་ཉེ་བར་གནས་པ་མ་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་བསྲུང་བའམ། སྦ་བར་བྱ་བའི་ཆོས་གང་ཡང་མི་དམིགས་སོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་

D14.034.0054b02.01
3

ཡང་ཀུན་དུ་སྡུད་པའམ། ཡོངས་སུ་སྡུད་པའི་སླད་དུ་ཉེ་བར་གནས་པ་མ་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ཀུན་དུ་བསྡུ་བའམ། ཡོངས་སུ་བསྡུ་བར་བྱ་བའི་ཆོས་གང་ཡང་མི་དམིགས་སོ། །གསོལ་པ།

D14.034.0054b03.01
4

བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་ཆོས་གང་གི་གནས་སམ། གཞིར་ཡང་ཉེ་བར་གནས་པ་མ་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ལ་གནས་སམ། གཞིར་བྱ་བའི་ཆོས་གང་ཡང་མི་དམིགས་སོ། །

D14.034.0054b04.01
5

གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་གི་གནས་སམ། གཞིར་ཡང་ཉེ་བར་གནས་པ་མ་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ལ་གནས་སམ། གཞིར་བྱ་བའི་ཆོས་གང་

D14.034.0054b05.01
6

ཡང་མི་དམིགས་སོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་ལ་ཡང་མངོན་པར་ཞེན་པར་ཉེ་བར་གནས་པ་མ་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ལ་མངོན་པར་ཞེན་པར་བྱ་བའི་

D14.034.0054b06.01
7

ཆོས་གང་ཡང་མི་དམིགས་སོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་ལ་ཡང་ལྷག་པར་ཞེན་པར་ཉེ་བར་གནས་པ་མ་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ལ་

D14.034.0054b07.01