完整藏文原文 · 德格版页 当前仅加载第 31 函德格 1b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
༄༅༅། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་བཞི་བཅུ་རྩ་ལྔ་པ། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཤེས་རབ་
D10.031.0001b01.01ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བགྱི། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བགྱི། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བགྱི་ལགས། བཅོམ་ལྡན་འདས་ཀྱིས་
D10.031.0001b02.01བཀའ་སྩལ་པ། རབ་འབྱོར་གཟུགས་ཞི་བ་དང་། གཟུགས་ཡ་མ་བརླ་དང་། གཟུགས་གསོག་དང་། གཟུགས་སྙིང་པོ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ཚོར་བ་དང་།
D10.031.0001b03.01འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཞི་བ་དང་། རྣམ་པར་ཤེས་པ་ཡ་མ་བརླ་དང་། རྣམ་པར་ཤེས་པ་གསོག་དང་། རྣམ་པར་ཤེས་པ་སྙིང་པོ་མེད་པས་ཤེས་རབ་ཀྱི་ཕ་རོལ་
D10.031.0001b04.01ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །གང་ཡང་འདི་སྐད་དུ་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བགྱི་ཞེས་ཟེར་བ་ནི། ནམ་མཁའ་ལྟར་སྟོང་པ་ཉིད་མངོན་པར་སྒྲུབ་པས་ཤེས་རབ་ཀྱི་ཕ་
D10.031.0001b05.01