完整藏文原文 · 德格版页 当前仅加载第 40 函德格 184a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ །སྔོན་སེམས་མ་བསྐྱེད་པའི་སྲོག་ཆགས་ཉི་ཁྲི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །
D53.040.0184a01.01བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པར་བགྱིད་པ་དེ་བསོད་ནམས་ཇི་ཙམ་ཞིག་སྐྱེད་པར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
D53.040.0184a02.01ཀུན་དགའ་བོ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་སེམས་ཅན་གྱི་ཁམས་མ་ལུས་པ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཀོད་པ་དེ་བས་ནི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གིས་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། འཆང་
D53.040.0184a03.01བ་དང་། ཀློག་པ་དང་། གཞན་དག་ལ་རྒྱ་ཆེར་ཡང་དག་པར་སྟོན་པར་བྱེད་པ་དེ་བསོད་ནམས་ཆེས་གྲངས་མེད་པ་དང་ཆེས་མང་དུ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ལྟར་ཆོས་ཀྱི་རྣམ་གྲངས་འདི་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་འདྲེན་པར་བྱེད་པ་ཡིན་པའི་ཕྱིར་རོ། །
D53.040.0184a04.01ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཞིག་ཆོས་ཀྱི་རྣམས་གྲངས་འདི་དང་། ཆོས་སྨྲ་བ་དེ་ལ་སྡང་བའི་སེམས་སྐྱེད་པར་བགྱིད་ན། བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེས་བསོད་ནམས་མ་ལགས་པ་ཇི་ཙམ་ཞིག་སྐྱེད་
D53.040.0184a05.01པར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་སེམས་ཅན་ཐམས་ཅད་ཀྱི་མིག་ཕྱུང་བར་གྱུར་པ་དེ་བས་ནི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས་ཆོས་ཀྱི་རྣམ་གྲངས་འདི་དང་། ཆོས་སྨྲ་བ་དེ་
D53.040.0184a06.01ལ་སྡང་བའི་སེམས་སྐྱེད་པར་བྱེད་པ་དེ་བསོད་ནམས་མ་ཡིན་པ་ཆེས་གྲངས་མེད་པ་དང་། ཆེས་མང་དུ་སྐྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ལྟར་ཆོས་ཀྱི་རྣམ་གྲངས་འདི་ནི་སེམས་ཅན་ཐམས་ཅད་ཀྱི་སྣང་བར་གྱུར་པ་ཡིན་པའི་ཕྱིར་རོ། །ཀུན་དགའ་བོས་གསོལ་པ།
D53.040.0184a07.01