完整藏文原文 · 德格版页 当前仅加载第 94 函德格 58b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
བརྟག་བྱ། །ལྷ་རྣམས་ཀྱི་ནི་ཁང་པའམ། །ཁང་སྟོང་དང་ནི་ཕུག་གི་ནང་། །ཤིང་གཅིག་གམ་ནི་དུར་ཁྲོད་དང་། །རི་བོ་དང་ནི་ཚང་ཚིང་དུ། །བཟླས་དང་སྦྱིན་སྲེག་སྒྲུབ་པ་ཡང་། །རྩེ་གཅིག་ཡིད་ཀྱིས་བྱ་བ་ཡིན། །མ་དག་མ་དག་ཀུན་དག་ལ། །དག་པ་རྣམ་པར་
D724.094.0058b01.01སྦྱོང་བ་ཡིན། །གཉིས་ཀ་ཡིས་ཀྱང་གཉིས་ཀ་ལ། །དངོས་གྲུབ་སྨྲ་བས་བསྒྲུབ་པར་བྱ། །གང་ཡང་རོ་ཡི་སྲད་བུ་དང་། །ལྷག་མ་དེ་ནས་འགོངས་པ་དང་། །ཟླ་མཚན་ལྡན་པས་ཀུན་ཏུ་རེག །གདོལ་པའི་སྐྱེ་བོས་བསྐོལ་བ་ཡང་། །རུལ་པའི་དྲི་དང་སླར་ཡང་འབྱུང་། །
D724.094.0058b02.01ལེགས་བྱས་འདོད་པས་སྦྱིན་པར་བྱ། །ལྷ་རྣམས་ཚད་དུ་བསྙེན་པ་ལས། །དེ་ལྟ་ལ་སོགས་ཡོན་ཏན་ལྡན། །ཟས་སམ་མལ་སྟན་ལ་སོགས་པ། །སྒྲུབ་པོ་རང་གིས་བླངས་པའམ། །མིན་པ་ཉིད་ནི་བསྙེན་པར་བྱ། །བཏུང་བ་ལྡན་པས་གནས་དང་དགའ། །སྐྱེ་བོ་
D724.094.0058b03.01ངན་པའི་སེམས་ཅན་བཅས། །ཕྱི་རུ་ཀུན་ཏུ་བཏགས་པས་བླངས། །མཚམས་མེད་ལྔ་པོ་བྱེད་པ་པོ། །ནད་དང་འབྱུང་ཆེན་བྱེད་པ་དང་། །མེད་པའམ་ཡང་ན་མང་ན་ཡང་། །ཟས་དང་ལེ་ལོས་བཅོམ་པ་དང་། །དགེ་འདུན་འཁུ་དང་ངོ་ཚ་མེད། །སེར་སྣ་ལྷུར་ལེན་མཚོན་
D724.094.0058b04.01གྱིས་འབུགས། །རྟག་ཏུ་ལོག་པར་ལྟ་བ་གཞན། །དེ་ལ་སོགས་པའི་ཡོན་ཏན་ལྡན། །ཀུན་ཏུ་གསུངས་པ་མཛེས་པའོ། །དུས་མིན་ཁྲུས་ནི་མི་ནུས་ནའང་། །རང་གིས་ནུས་པ་མ་ཡིན་པ། །རང་གི་རླུང་ནི་མཆོག་ཏུ་བསྒྲགས། །དུས་གསུམ་མིན་པར་དེ་ཡོད་པ། །གཅིག་
D724.094.0058b05.01ཏུ་ཐེག་གསུམ་བྲལ་བ་དང་། །ཁྲུས་ཉེས་པ་དང་ཆུ་བོའི་ནང་། །ཉེས་པ་གསུམ་ཞེས་བྱ་བ་འཇོམས། །ཁྲུས་ནི་མཆོག་ཏུ་རབ་ཏུ་བསྒྲགས། །དེ་ཕྱིར་དུས་ཀྱང་ཀུན་བསམས་ནས། །མེ་དེས་སམ་ནི་དེ་ནས་ཀྱང་། །ཆུ་ཡིས་ཁྲུས་ནི་དངོས་གྲུབ་ཀུན། །སྒྲུབ་པ་པོ་ལ་བསྟན་
D724.094.0058b06.01པ་ཡིན། །དེ་ནས་ཀུན་ཏུ་ནད་པ་ལས། །གསང་བའི་སྔགས་ཀྱིས་ཁྲུས་རྣམས་ནི། །རབ་ཏུ་བསྒྲགས་པར་གྱུར་པ་ཡིན། །ཡང་འདིར་སྔགས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། བུདྡྷཱ་ཤུ་ཙི། དྷརྨ་ཤུ་ཙི། སཾ་གྷ་ཤུ་ཙི།
D724.094.0058b07.01