完整藏文原文 · 德格版页 当前仅加载第 94 函德格 59b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
དགེ་ལས་གཞན། །དེ་རྣམས་ཐམས་ཅད་སྒྲུབ་པ་ནི། །དེ་ཕྱིར་རྨི་ལམ་ཤེས་ནས་བྱ། །རྨི་ལམ་སྲུང་དང་ཕྱག་རྒྱ་ནི། །ཕན་ཚུན་ཉིད་དུ་རིག་པ་འཛིན། །བགེགས་རྣམས་རྟག་ཏུ་གཉིད་ལོག་བྱེད། །རྣམ་པར་གཞོམ་བྱ་རྣམ་འཇོམས་པ། །ཡང་དག་ཉེར་གནས་དེ་ཡི་
D724.094.0059b01.01ཕྱིར། །བཟླས་དང་སྦྱིན་སྲེག་ལ་སོགས་ཀུན། སྔར་བརྗོད་བསྲུང་བ་སྦྱར་བར་བྱ། །སྲུང་བའི་ཆོ་གའི་དབྱེ་བ་ལས། །དེ་འདིས་ཡང་དག་འགྲུབ་པར་འདོད། །མཁའ་ལ་རྒྱུ་བའི་ལྷ་གནོད་སྦྱིན། །རང་གྲུབ་{ཡི་དགས་,ཡི་དྭགས་}སྲིན་པོ་དང་། །ཀུན་ཏུ་རྒྱུ་བྱེད་རྣམ་འཇོམས་ཕྱིར། །རང་
D724.094.0059b02.01གི་གནས་དང་སེམས་ཀུན་གཡོ། །དེ་ཕྱིར་ཐོག་མ་ནས་བྱ་བ། །བདག་ཉིད་སྲུང་དང་མཚན་མ་ནི། །ཉེ་བར་མཚོན་བ་ལ་སོགས་པ། །སྒྲུབ་པ་ཀུན་གྱི་ཚེ་ན་འགྱུར། །མཚན་མ་མེད་པར་གྱུར་ན་ནི། །བགེགས་དེ་ལས་འབྲས་སྐྱེ་བ་ལ། །ཁྱི་ནི་གཡོན་ནས་འབྱིན་པ་
D724.094.0059b03.01དང་། །བ་ལང་སྦྱིན་དང་མཛེས་པ་ཡི། །འདབ་བརྒྱ་ཅན་དང་རྣ་བ་ཅན། །{རི་དགས་,རི་དྭགས་}ཅེ་སྤྱང་བྱ་རོག་དང་། །ཁྱིམ་གྱི་ཕག་པ་དེ་བཞིན་ཉིད། །རྩངས་པ་གདུགས་དང་རྒྱལ་མཚན་དང་། །བ་དན་ལ་སོགས་ཐམས་ཅད་ནས། །གཙོ་བོར་བརྗོད་བྱ་དགེ་བའོ། །དགེ་བ་
D724.094.0059b04.01ལ་སོགས་རིག་པ་ཡིས། །མི་དགེ་བ་ཡི་མི་དགེ་ལ། །དེ་བཞིན་མཆོག་དང་མཆོག་མིན་དབྱེ། །ཤེས་ནས་དང་པོར་སྤྱད་པར་བྱ། །བིལ་བ་ཨརྒའི་མེ་ཏོག་ནི། །མིན་ཉིད་འདོད་དང་ཨ་རམ་པ། །ཁྱད་པར་ལས་ནི་དེ་བྱིན་ཅིག །བློ་ལྡན་སྔགས་པས་ལས་ཀུན་ལ། །
D724.094.0059b05.01མེ་ཐབ་རྣམ་པ་གསུམ་བྱའོ། །ལྷོ་རུ་མངོན་པར་ཁ་ཕྱོགས་པར། །གྱུར་བའི་ཧཱུྃ་ཕཊ་ཡི་གེ་ནི། །སྭཱ་ཧཱའི་གནས་སུ་གཞག་པར་བྱ། །ཡིད་ཀྱིས་ཀུན་ཏུ་བསམས་ནས་བྱ། །མངོན་སྤྱོད་ཅན་གྱིས་ཆོ་ག་བྱ། །བྱང་དུ་མངོན་པར་ཕྱོགས་གྱུར་ནས། །སྭཱ་ཧཱའི་ཡི་གེ་
D724.094.0059b06.01དང་ལྡན་བཟླས། །ཡིད་ཀྱིས་བསམས་ནས་ཞི་བ་བྱ། །དགེ་བ་མངོན་པར་མཛེས་པ་ཅན། །ཤར་དུ་ཁ་བལྟས་ཉིད་ཀྱིས་བྱ། །ཞི་བ་ཅན་དང་རྒྱས་པ་ཅན། །བྱེ་བྲག་ཏུ་ནི་བརྗོད་བྱ་སྟེ། །འོག་ཏུ་ཁ་བལྟས་བྱས་ནས་ཀྱང་། །རྒྱས་པ་ཉིད་ལ་རབ་སྦྱར་བྱ། །མངོན་སྤྱོད་སྟན་
D724.094.0059b07.01