完整藏文原文 · 德格版页 当前仅加载第 21 函德格 122a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
པར་དག་པ་ཟབ་བོ། །ལྕེ་རྣམ་པར་དག་པའི་ཕྱིར་རྣམ་པར་དག་པ་ཟབ་བོ། །ལུས་རྣམ་པར་དག་པའི་ཕྱིར་རྣམ་པར་དག་པ་ཟབ་བོ། །ཡིད་རྣམ་པར་དག་པའི་ཕྱིར་རྣམ་པར་དག་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་གཟུགས་རྣམ་པར་དག་
D8.021.0122a01.01པའི་ཕྱིར་རྣམ་པར་དག་པ་ཟབ་བོ། །སྒྲ་རྣམ་པར་དག་པའི་ཕྱིར་རྣམ་པར་དག་པ་ཟབ་བོ། །དྲི་རྣམ་པར་དག་པའི་ཕྱིར་རྣམ་པར་དག་པ་ཟབ་བོ། །རོ་རྣམ་པར་དག་པའི་ཕྱིར་རྣམ་པར་དག་པ་ཟབ་བོ། །རེག་རྣམ་པར་དག་པའི་ཕྱིར་རྣམ་པར་དག་པ་ཟབ་བོ། །ཆོས་རྣམ་
D8.021.0122a02.01པར་དག་པའི་ཕྱིར་རྣམ་པར་དག་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་{མྱིག་,མིག་}གི་རྣམ་པར་ཤེས་པ་རྣམ་པར་དག་པའི་ཕྱིར་རྣམ་པར་དག་པ་ཟབ་བོ། །རྣ་བའི་རྣམ་པར་ཤེས་པ་རྣམ་པར་དག་པའི་ཕྱིར་རྣམ་པར་དག་པ་ཟབ་བོ། །སྣའི་རྣམ་པར་ཤེས་པ་རྣམ་པར་དག་པའི་ཕྱིར་
D8.021.0122a03.01རྣམ་པར་དག་པ་ཟབ་བོ། །ལྕེའི་རྣམ་པར་ཤེས་པ་རྣམ་པར་དག་པའི་ཕྱིར་རྣམ་པར་དག་པ་ཟབ་བོ། །ལུས་ཀྱི་རྣམ་པར་ཤེས་པ་རྣམ་པར་དག་པའི་ཕྱིར་རྣམ་པར་དག་པ་ཟབ་བོ། །ཡིད་ཀྱི་རྣམ་པར་ཤེས་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་ཟབ་བོ། །
D8.021.0122a04.01ཤ་ར་དྭ་ཏིའི་བུ་{མྱིག་,མིག་}གི་འདུས་ཏེ་རེག་པ་རྣམ་པར་དག་པའི་ཕྱིར་རྣམ་པར་དག་པ་ཟབ་བོ། །རྣ་བའི་འདུས་ཏེ་རེག་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་ཟབ་བོ། །སྣའི་འདུས་ཏེ་རེག་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་ཟབ་བོ། །ལྕེའི་འདུས་
D8.021.0122a05.01ཏེ་རེག་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་ཟབ་བོ། །ལུས་ཀྱི་འདུས་ཏེ་རེག་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་ཟབ་བོ། །ཡིད་ཀྱི་འདུས་ཏེ་རེག་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་{མྱིག་,མིག་}གི་འདུས་ཏེ་རེག་
D8.021.0122a06.01པའི་རྐྱེན་ཀྱིས་ཚོར་བ་རྣམ་པར་དག་པའི་ཕྱིར་རྣམ་པར་དག་པ་ཟབ་བོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་ཟབ་བོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་ཟབ་
D8.021.0122a07.01