藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 21 函德格 165a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

རྣམ་པར་དག་པའི་ཕྱིར་ཏེ། བདག་{མྱེད་,མེད་}པའི་ཕྱིར་གཟུངས་ཀྱི་སྒོ་{མྱེད་,མེད་}པ་ནི་ཤིན་ཏུ་རྣམ་པར་དག་པའོ། །གསོལ་པ། བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ་དེ་བཞིན་གཤེགས་པའི་སྟོབས་རྣམ་པར་དག་པའོ། །བཅོམ་ལྡན་

D8.021.0165a01.01
2

འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་ན་བདག་རྣམ་པར་དག་པས། དེ་བཞིན་གཤེགས་པའི་སྟོབས་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

D8.021.0165a02.01
3

རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཏེ། བདག་{མྱེད་,མེད་}པའི་ཕྱིར་དེ་བཞིན་གཤེགས་པའི་སྟོབས་{མྱེད་,མེད་}པ་ནི་ཤིན་ཏུ་རྣམ་པར་དག་པའོ། །གསོལ་པ། བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ། {མྱི་,མི་}འཇིགས་པ་རྣམ་པར་དག་པའོ། །བཅོམ་

D8.021.0165a03.01
4

ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་ན། བདག་རྣམ་པར་དག་པས་{མྱི་,མི་}འཇིགས་པ་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་

D8.021.0165a04.01
5

ཏུ་རྣམ་པར་དག་པའི་ཕྱིར་ཏེ། བདག་{མྱེད་,མེད་}པའི་ཕྱིར་{མྱི་,མི་}འཇིགས་པ་{མྱེད་,མེད་}པ་ནི་ཤིན་ཏུ་རྣམ་པར་དག་པའོ། །གསོལ་པ། བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ། སོ་སོ་ཡང་དག་པར་རིག་པ་རྣམ་པར་དག་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་

D8.021.0165a05.01
6

སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་ན། བདག་རྣམ་པར་དག་པས། སོ་སོ་ཡང་དག་པར་རིག་པ་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་

D8.021.0165a06.01
7

རྣམ་པར་དག་པའི་ཕྱིར་ཏེ། བདག་{མྱེད་,མེད་}པའི་ཕྱིར་སོ་སོ་ཡང་དག་པར་རིག་པ་{མྱེད་,མེད་}པ་ནི་ཤིན་ཏུ་རྣམ་པར་དག་པའོ། །གསོལ་པ། བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ་བྱམས་པ་ཆེན་པོ་རྣམ་པར་དག་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་

D8.021.0165a07.01