完整藏文原文 · 德格版页 当前仅加载第 21 函德格 150b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
འཛིན་རྣམས་{མྱི་,མི་}ཤེས་སོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པས། གཟུངས་ཀྱི་སྒོ་རྣམས་མ་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་
D8.021.0150b01.01ཇི་ལྟར་ན་རྣམ་པར་དག་པས། གཟུངས་ཀྱི་སྒོ་རྣམས་མ་འཚལ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པར་དག་པས། གཟུངས་ཀྱི་སྒོ་རྣམས་{མྱི་,མི་}ཤེས་སོ། །གསོལ་པ། བཅོམ་
D8.021.0150b02.01ལྡན་འདས་རྣམ་པར་དག་པས། དེ་བཞིན་གཤེགས་པའི་སྟོབས་རྣམས་མ་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པར་དག་པས།
D8.021.0150b03.01དེ་བཞིན་གཤེགས་པའི་སྟོབས་རྣམས་མ་འཚལ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པར་དག་པས། དེ་བཞིན་གཤེགས་པའི་སྟོབས་རྣམས་{མྱི་,མི་}ཤེས་སོ། །གསོལ་པ།
D8.021.0150b04.01བཅོམ་ལྡན་འདས་རྣམ་པར་དག་པས། {མྱི་,མི་}འཇིགས་པ་རྣམས་མ་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པར་དག་པས། {མྱི་,མི་}འཇིགས་པ་
D8.021.0150b05.01རྣམས་མ་འཚལ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པར་དག་པས། {མྱི་,མི་}འཇིགས་པ་རྣམས་{མྱི་,མི་}ཤེས་སོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པས། སོ་སོ་ཡང་དག་
D8.021.0150b06.01པར་རིག་པ་རྣམས་མ་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པར་དག་པས། སོ་སོ་ཡང་དག་པར་རིག་པ་རྣམས་མ་འཚལ་བ་ལགས།
D8.021.0150b07.01