藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 21 函德格 216a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

བདག་ཅེས་བྱ་བ་འམ། བདག་{མྱེད་,མེད་}ཅེས་བྱ་བར་{མྱི་,མི་}སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་བསམ་གཏན་རྣམས་སྡུག་ཅེས་བྱ་བ་འམ་{མྱི་,མི་}སྡུག་ཅེས་བྱ་བར་{མྱི་,མི་}སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

D8.021.0216a01.01
2

སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་{མྱི་,མི་}རྟག་པ་འམ། བདེ་བ་འམ་སྡུག་བསྔལ་བ་འམ། བདག་གམ་བདག་{མྱེད་,མེད་}པ་འམ། སྡུག་པའམ་{མྱི་,མི་}སྡུག་པར་འགྱུར་བ་དེ་ལྟ་བུའི་བསམ་གཏན་{མྱེད་,མེད་}དོ། །གལ་ཏེ་ཚད་{མྱེད་,མེད་}པ་རྣམས་ལ་{མྱི་,མི་}

D8.021.0216a02.01
3

སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཚད་{མྱེད་,མེད་}པ་རྣམས་རྟག་ཅེས་བྱ་བ་འམ། {མྱི་,མི་}རྟག་ཅེས་བྱ་བར་{མྱི་,མི་}སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཚད་{མྱེད་,མེད་}པ་རྣམས་བདེ་ཞེས་བྱ་བ་འམ། སྡུག་བསྔལ་

D8.021.0216a03.01
4

ཞེས་བྱ་བར་{མྱི་,མི་}སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཚད་{མྱེད་,མེད་}པ་རྣམས་བདག་ཅེས་བྱ་བ་འམ། བདག་{མྱེད་,མེད་}ཅེས་བྱ་བར་{མྱི་,མི་}སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཚད་{མྱེད་,མེད་}པ་རྣམས་སྡུག་ཅེས་བྱ་

D8.021.0216a04.01
5

བ་འམ། {མྱི་,མི་}སྡུག་ཅེས་བྱ་བར་{མྱི་,མི་}སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་{མྱི་,མི་}རྟག་པ་འམ། བདེ་བ་འམ། སྡུག་བསྔལ་བ་འམ། བདག་གམ་བདག་{མྱེད་,མེད་}པ་འམ། སྡུག་པ་འམ་{མྱི་,མི་}སྡུག་

D8.021.0216a05.01
6

པར་འགྱུར་བ་དེ་ལྟ་བུའི་ཚད་{མྱེད་,མེད་}པ་{མྱེད་,མེད་}དོ། །གལ་ཏེ་གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་ལ་{མྱི་,མི་}སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་རྟག་ཅེས་བྱ་བ་འམ། {མྱི་,མི་}

D8.021.0216a06.01
7

རྟག་ཅེས་བྱ་བར་{མྱི་,མི་}སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བར་{མྱི་,མི་}སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །

D8.021.0216a07.01