完整藏文原文 · 德格版页 当前仅加载第 21 函德格 177b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་བདག་ཀུན་ཏུ་མཐའ་ཡས་པས། དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་སྟོང་པ་ཉིད་ཀུན་ཏུ་མཐའ་ཡས་པ་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
D8.021.0177b01.01མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཉིད་ཀྱི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་བདག་ཀུན་ཏུ་མཐའ་ཡས་པའི་སླད་དུ། དྲན་པ་ཉེ་བར་གཞག་པ་ཀུན་ཏུ་མཐའ་ཡས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་
D8.021.0177b02.01སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ། བདག་ཀུན་ཏུ་མཐའ་ཡས་པས། དྲན་པ་ཉེ་བར་གཞག་པ་ཀུན་ཏུ་མཐའ་ཡས་པ་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
D8.021.0177b03.01པ། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཉིད་ཀྱི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་བདག་ཀུན་ཏུ་མཐའ་ཡས་པའི་སླད་དུ། ཡང་དག་པར་སྤོང་པ་ཀུན་ཏུ་མཐའ་ཡས་པའོ། །བཅོམ་ལྡན་འདས་ཀྱིས་
D8.021.0177b04.01བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ། བདག་ཀུན་ཏུ་མཐའ་ཡས་པས། ཡང་དག་པར་སྤོང་པ་ཀུན་ཏུ་མཐའ་ཡས་པ་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་
D8.021.0177b05.01སྩལ་པ། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཉིད་ཀྱི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་བདག་ཀུན་ཏུ་མཐའ་ཡས་པའི་སླད་དུ། རྫུ་འཕྲུལ་གྱི་རྐང་པ་ཀུན་ཏུ་མཐའ་ཡས་པའོ། །བཅོམ་ལྡན་འདས་ཀྱིས་
D8.021.0177b06.01བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་བདག་ཀུན་ཏུ་མཐའ་ཡས་པས། རྫུ་འཕྲུལ་གྱི་རྐང་པ་ཀུན་ཏུ་མཐའ་ཡས་པ་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་
D8.021.0177b07.01