完整藏文原文 · 德格版页 当前仅加载第 21 函德格 355b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
གང་གི་ཚེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་{མྱི་,མི་}གནས་པ་དེའི་ཚེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་{མྱི་,མི་}གནས་ཏེ། གང་གི་ཚེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་{མྱི་,མི་}གནས་པ་དེའི་
D8.021.0355b01.01ཚེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་{མྱི་,མི་}གནས་ཏེ། གང་གི་ཚེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་{མྱི་,མི་}གནས་པ་དེའི་ཚེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་དོ། །
D8.021.0355b02.01བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་{མྱི་,མི་}གནས་ཏེ། གང་གི་ཚེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་{མྱི་,མི་}གནས་པ་དེའི་ཚེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་{མྱི་,མི་}གནས་ཏེ། གང་གི་ཚེ་ཤེས་
D8.021.0355b03.01རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་{མྱི་,མི་}གནས་པ་དེའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་དོ། །ནང་སྟོང་པ་ཉིད་ལ་{མྱི་,མི་}གནས་ཏེ། གང་གི་ཚེ་ནང་སྟོང་པ་ཉིད་ལ་{མྱི་,མི་}གནས་པ་དེའི་ཚེ། ནང་སྟོང་པ་ཉིད་ལ་བརྩོན་པར་བྱེད་དོ། །ཕྱི་སྟོང་པ་
D8.021.0355b04.01ཉིད་ལ་{མྱི་,མི་}གནས་ཏེ། གང་གི་ཚེ་ཕྱི་སྟོང་པ་ཉིད་ལ་{མྱི་,མི་}གནས་པ་དེའི་ཚེ། ཕྱི་སྟོང་པ་ཉིད་ལ་བརྩོན་པར་བྱེད་དོ། །ཕྱི་ནང་སྟོང་པ་ཉིད་ལ་{མྱི་,མི་}གནས་ཏེ། གང་གི་ཚེ་ཕྱི་ནང་སྟོང་པ་ཉིད་ལ་{མྱི་,མི་}གནས་པ་དེའི་ཚེ། ཕྱི་ནང་སྟོང་པ་ཉིད་ལ་བརྩོན་པར་བྱེད་དོ། །
D8.021.0355b05.01སྟོང་པ་ཉིད་སྟོང་པ་ཉིད་ལ་{མྱི་,མི་}གནས་ཏེ། གང་གི་ཚེ་སྟོང་པ་ཉིད་སྟོང་པ་ཉིད་ལ་{མྱི་,མི་}གནས་པ་དེའི་ཚེ། སྟོང་པ་ཉིད་སྟོང་པ་ཉིད་ལ་བརྩོན་པར་བྱེད་དོ། །ཆེན་པོ་སྟོང་པ་ཉིད་ལ་{མྱི་,མི་}གནས་ཏེ། གང་གི་ཚེ་ཆེན་པོ་སྟོང་པ་ཉིད་ལ་{མྱི་,མི་}གནས་པ་དེའི་ཚེ། ཆེན་པོ་
D8.021.0355b06.01སྟོང་པ་ཉིད་ལ་བརྩོན་པར་བྱེད་དོ། །དོན་དམ་པ་སྟོང་པ་ཉིད་ལ་{མྱི་,མི་}གནས་ཏེ། གང་གི་ཚེ་དོན་དམ་པ་སྟོང་པ་ཉིད་ལ་{མྱི་,མི་}གནས་པ་དེའི་ཚེ། དོན་དམ་པ་སྟོང་པ་ཉིད་ལ་བརྩོན་པར་བྱེད་དོ། །འདུས་བྱས་སྟོང་པ་ཉིད་ལ་{མྱི་,མི་}གནས་ཏེ། གང་གི་ཚེ་འདུས་
D8.021.0355b07.01