藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 21 函德格 190a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ལ་སྤྱོད་པའི་ཚེ། བདག་ནི་དོན་དམ་པ་སྟོང་པ་ཉིད་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་བ་དང་། འདུས་བྱས་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། བདག་ནི་འདུས་བྱས་སྟོང་པ་ཉིད་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}

D8.021.0190a01.01
2

འགྱུར་བ་དང་། འདུས་མ་བྱས་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། བདག་ནི་འདུས་མ་བྱས་སྟོང་པ་ཉིད་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་བ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། བདག་ནི་མཐའ་ལས་འདས་པ་སྟོང་པ་ཉིད་

D8.021.0190a02.01
3

ལ་སྦྱོང་ངོ་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་བ་དང་། ཐོག་མ་དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། བདག་ནི་ཐོག་མ་དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཉིད་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་བ་དང་། དོར་བ་{མྱེད་,མེད་}པ་སྟོང་པ་ཉིད་ལ་སྤྱོད་པའི་ཚེ།

D8.021.0190a03.01
4

བདག་ནི་དོར་བ་{མྱེད་,མེད་}པ་སྟོང་པ་ཉིད་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་བ་དང་། རང་བཞིན་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། བདག་ནི་རང་བཞིན་སྟོང་པ་ཉིད་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་བ་དང་། ཆོས་ཐམས་ཅད་སྟོང་

D8.021.0190a04.01
5

པ་ཉིད་ལ་སྤྱོད་པའི་ཚེ། བདག་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་བ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། བདག་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་

D8.021.0190a05.01
6

{མྱི་,མི་}འགྱུར་བ་དང་། {མྱི་,མི་}{དམྱིགས་,དམིགས་}པ་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། བདག་ནི་{མྱི་,མི་}{དམྱིགས་,དམིགས་}པ་སྟོང་པ་ཉིད་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་བ་དང་། དངོས་པོ་{མྱེད་,མེད་}པ་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། བདག་ནི་དངོས་པོ་{མྱེད་,མེད་}པ་སྟོང་པ་ཉིད་ལ་སྤྱོད་

D8.021.0190a06.01
7

དོ། །ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་བ་དང་། ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། བདག་ནི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་བ་དང་། དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། བདག་ནི་

D8.021.0190a07.01