完整藏文原文 · 德格版页 当前仅加载第 21 函德格 354b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
རྐྱེན་ཀྱིས་ཚོར་བ་ལ་{མྱི་,མི་}གནས་ཏེ། གང་གི་ཚེ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་{མྱི་,མི་}གནས་པ་དེའི་ཚེ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་བརྩོན་པར་བྱེད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་{མྱི་,མི་}གནས་ཏེ།
D8.021.0354b01.01གང་གི་ཚེ་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་{མྱི་,མི་}གནས་པ་དེའི་ཚེ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་བརྩོན་པར་བྱེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་{མྱི་,མི་}གནས་ཏེ། གང་གི་ཚེ་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་
D8.021.0354b02.01ཚོར་བ་ལ་{མྱི་,མི་}གནས་པ་དེའི་ཚེ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་བརྩོན་པར་བྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་{མྱི་,མི་}གནས་ཏེ། གང་གི་ཚེ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་{མྱི་,མི་}གནས་པ་དེའི་ཚེ། ལུས་
D8.021.0354b03.01ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་བརྩོན་པར་བྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་{མྱི་,མི་}གནས་ཏེ། གང་གི་ཚེ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་{མྱི་,མི་}གནས་པ་དེའི་ཚེ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་
D8.021.0354b04.01ཚོར་བ་ལ་བརྩོན་པར་བྱེད་དོ། །སའི་ཁམས་ལ་{མྱི་,མི་}གནས་ཏེ། གང་གི་ཚེ་སའི་ཁམས་ལ་{མྱི་,མི་}གནས་པ་དེའི་ཚེ། སའི་ཁམས་ལ་བརྩོན་པར་བྱེད་དོ། །ཆུའི་ཁམས་ལ་{མྱི་,མི་}གནས་ཏེ། གང་གི་ཚེ་ཆུའི་ཁམས་ལ་{མྱི་,མི་}གནས་པ་དེའི་ཚེ། ཆུའི་
D8.021.0354b05.01ཁམས་ལ་བརྩོན་པར་བྱེད་དོ། །{མྱེའི་,མེའི་}ཁམས་ལ་{མྱི་,མི་}གནས་ཏེ། གང་གི་ཚེ་{མྱེའི་,མེའི་}ཁམས་ལ་{མྱི་,མི་}གནས་པ་དེའི་ཚེ། {མྱེའི་,མེའི་}ཁམས་ལ་བརྩོན་པར་བྱེད་དོ། །རླུང་གི་ཁམས་ལ་{མྱི་,མི་}གནས་ཏེ། གང་གི་ཚེ་རླུང་གི་ཁམས་ལ་{མྱི་,མི་}གནས་པ་དེའི་ཚེ། རླུང་གི་
D8.021.0354b06.01ཁམས་ལ་བརྩོན་པར་བྱེད་དོ། །ནམ་མཁའི་ཁམས་ལ་{མྱི་,མི་}གནས་ཏེ། གང་གི་ཚེ་ནམ་མཁའི་ཁམས་ལ་{མྱི་,མི་}གནས་པ་དེའི་ཚེ། ནམ་མཁའི་ཁམས་ལ་བརྩོན་པར་བྱེད་དོ། །རྣམ་པར་ཤེས་པའི་ཁམས་ལ་{མྱི་,མི་}གནས་ཏེ། གང་གི་ཚེ་
D8.021.0354b07.01