藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 21 函德格 307b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

སྟོང་པ་ཉིད་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་{མྱི་,མི་}འགྱུར་རོ། །ནང་སྟོང་པ་ཉིད་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་{མྱི་,མི་}འགྱུར་རོ། །ནང་སྟོང་པ་ཉིད་འདས་ཞེས་བྱ་བར་ཆོས་སྟོན་པར་{མྱི་,མི་}འགྱུར་རོ། །ནང་སྟོང་

D8.021.0307b01.01
2

པ་ཉིད་མ་འོངས་ཞེས་བྱ་བར་ཆོས་སྟོན་པར་{མྱི་,མི་}འགྱུར་རོ། །ནང་སྟོང་པ་ཉིད་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་{མྱི་,མི་}འགྱུར་རོ། །ཕྱི་སྟོང་པ་ཉིད་རྟག་ཅེས་བྱ་བ་འམ་{མྱི་,མི་}རྟག་ཅེས་བྱ་བར་ཆོས་སྟོན་པར་{མྱི་,མི་}འགྱུར་རོ། །ཕྱི་སྟོང་པ་ཉིད་བདེ་ཞེས་

D8.021.0307b02.01
3

བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་{མྱི་,མི་}འགྱུར་རོ། །ཕྱི་སྟོང་པ་ཉིད་བདག་ཅེས་བྱ་བ་འམ་བདག་{མྱེད་,མེད་}ཅེས་བྱ་བར་ཆོས་སྟོན་པར་{མྱི་,མི་}འགྱུར་རོ། །ཕྱི་སྟོང་པ་ཉིད་སྡུག་ཅེས་བྱ་བ་འམ་{མྱི་,མི་}སྡུག་ཅེས་བྱ་བར་ཆོས་སྟོན་པར་{མྱི་,མི་}འགྱུར་

D8.021.0307b03.01
4

རོ། །ཕྱི་སྟོང་པ་ཉིད་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་{མྱི་,མི་}འགྱུར་རོ། །ཕྱི་སྟོང་པ་ཉིད་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་{མྱི་,མི་}འགྱུར་རོ། །ཕྱི་སྟོང་པ་ཉིད་འདས་ཤེས་བྱ་བར་ཆོས་སྟོན་པར་{མྱི་,མི་}

D8.021.0307b04.01
5

འགྱུར་རོ། །ཕྱི་སྟོང་པ་ཉིད་མ་འོངས་ཤེས་བྱ་བར་ཆོས་སྟོན་པར་{མྱི་,མི་}འགྱུར་རོ། །ཕྱི་སྟོང་པ་ཉིད་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་{མྱི་,མི་}འགྱུར་རོ། །ཕྱི་ནང་སྟོང་པ་ཉིད་རྟག་ཅེས་བྱ་བ་འམ་{མྱི་,མི་}རྟག་ཅེས་བྱ་བར་ཆོས་སྟོན་པར་{མྱི་,མི་}འགྱུར་རོ། །

D8.021.0307b05.01
6

ཕྱི་ནང་སྟོང་པ་ཉིད་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་{མྱི་,མི་}འགྱུར་རོ། །ཕྱི་ནང་སྟོང་པ་ཉིད་བདག་ཅེས་བྱ་བ་འམ་བདག་{མྱེད་,མེད་}ཅེས་བྱ་བར་ཆོས་སྟོན་པར་{མྱི་,མི་}འགྱུར་རོ། །ཕྱི་ནང་སྟོང་པ་ཉིད་སྡུག་ཅེས་བྱ་བ་འམ་{མྱི་,མི་}སྡུག་

D8.021.0307b06.01
7

ཅེས་བྱ་བར་ཆོས་སྟོན་པར་{མྱི་,མི་}འགྱུར་རོ། །ཕྱི་ནང་སྟོང་པ་ཉིད་ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བར་ཆོས་སྟོན་པར་{མྱི་,མི་}འགྱུར་རོ། །ཕྱི་ནང་སྟོང་པ་ཉིད་བཅིངས་ཤེས་བྱ་བ་འམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་{མྱི་,མི་}འགྱུར་རོ། །ཕྱི་ནང་སྟོང་པ་ཉིད་འདས་

D8.021.0307b07.01