藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 21 函德格 134a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

པར་རྟོགས་པར་བྱ་བ་{མྱེད་,མེད་}པ་ནི་རྣམ་པར་དག་པའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཐོབ་པར་བྱ་བ་{མྱེད་,མེད་}པ་དང་། མངོན་པར་རྟོགས་པར་བྱ་བ་{མྱེད་,མེད་}པ་ནི་རྣམ་པར་དག་པའོ། །ཤ་ར་དྭ་ཏིའི་བུ་སའི་ཁམས་ཐོབ་པར་བྱ་བ་{མྱེད་,མེད་}པ་དང་། མངོན་

D8.021.0134a01.01
2

པར་རྟོགས་པར་བྱ་བ་{མྱེད་,མེད་}པ་ནི་རྣམ་པར་དག་པའོ། །ཆུའི་ཁམས་ཐོབ་པར་བྱ་བ་{མྱེད་,མེད་}པ་དང་། མངོན་པར་རྟོགས་པར་བྱ་བ་{མྱེད་,མེད་}པ་ནི་རྣམ་པར་དག་པའོ། །{མྱེའི་,མེའི་}ཁམས་ཐོབ་པར་བྱ་བ་{མྱེད་,མེད་}པ་དང་། མངོན་པར་རྟོགས་པར་བྱ་བ་{མྱེད་,མེད་}པ་ནི་རྣམ་པར་དག་པའོ། །རླུང་

D8.021.0134a02.01
3

གི་ཁམས་ཐོབ་པར་བྱ་བ་{མྱེད་,མེད་}པ་དང་། མངོན་པར་རྟོགས་པར་བྱ་བ་{མྱེད་,མེད་}པ་ནི་རྣམ་པར་དག་པའོ། །ནམ་མཁའི་ཁམས་ཐོབ་པར་བྱ་བ་{མྱེད་,མེད་}པ་དང་། མངོན་པར་རྟོགས་པར་བྱ་བ་{མྱེད་,མེད་}པ་ནི་རྣམ་པར་དག་པའོ། །རྣམ་པར་ཤེས་པའི་ཁམས་ཐོབ་པར་བྱ་བ་{མྱེད་,མེད་}པ་དང་།

D8.021.0134a03.01
4

མངོན་པར་རྟོགས་པར་བྱ་བ་{མྱེད་,མེད་}པ་ནི་རྣམ་པར་དག་པའོ། །ཤ་ར་དྭ་ཏིའི་བུ་མ་རིག་པ་ཐོབ་པར་བྱ་བ་{མྱེད་,མེད་}པ་དང་། མངོན་པར་རྟོགས་པར་བྱ་བ་{མྱེད་,མེད་}པ་ནི་རྣམ་པར་དག་པའོ། །འདུ་བྱེད་ཐོབ་པར་བྱ་བ་{མྱེད་,མེད་}པ་དང་། མངོན་པར་རྟོགས་པར་བྱ་བ་{མྱེད་,མེད་}པ་ནི་རྣམ་པར་དག་

D8.021.0134a04.01
5

པའོ། །རྣམ་པར་ཤེས་པ་ཐོབ་པར་བྱ་བ་{མྱེད་,མེད་}པ་དང་། མངོན་པར་རྟོགས་པར་བྱ་བ་{མྱེད་,མེད་}པ་ནི་རྣམ་པར་དག་པའོ། །{མྱིང་,མིང་}དང་གཟུགས་ཐོབ་པར་བྱ་བ་{མྱེད་,མེད་}པ་དང་། མངོན་པར་རྟོགས་པར་བྱ་བ་{མྱེད་,མེད་}པ་ནི་རྣམ་པར་དག་པའོ། །སྐྱེ་མཆེད་དྲུག་ཐོབ་པར་བྱ་བ་{མྱེད་,མེད་}པ་དང་། མངོན་པར་

D8.021.0134a05.01
6

རྟོགས་པར་བྱ་བ་{མྱེད་,མེད་}པ་ནི་རྣམ་པར་དག་པའོ། །རེག་པ་ཐོབ་པར་བྱ་བ་{མྱེད་,མེད་}པ་དང་། མངོན་པར་རྟོགས་པར་བྱ་བ་{མྱེད་,མེད་}པ་ནི་རྣམ་པར་དག་པའོ། །ཚོར་བ་ཐོབ་པར་བྱ་བ་{མྱེད་,མེད་}པ་དང་། མངོན་པར་རྟོགས་པར་བྱ་བ་{མྱེད་,མེད་}པ་ནི་རྣམ་པར་དག་པའོ། །སྲེད་པ་ཐོབ་པར་བྱ་བ་{མྱེད་,མེད་}པ་དང་།

D8.021.0134a06.01
7

མངོན་པར་རྟོགས་པར་བྱ་བ་{མྱེད་,མེད་}པ་ནི་རྣམ་པར་དག་པའོ། །ལེན་པ་ཐོབ་པར་བྱ་བ་{མྱེད་,མེད་}པ་དང་། མངོན་པར་རྟོགས་པར་བྱ་བ་{མྱེད་,མེད་}པ་ནི་རྣམ་པར་དག་པའོ། །སྲིད་པ་ཐོབ་པར་བྱ་བ་{མྱེད་,མེད་}པ་དང་། མངོན་པར་རྟོགས་པར་བྱ་བ་{མྱེད་,མེད་}པ་ནི་རྣམ་པར་དག་པའོ། །སྐྱེ་བ་ཐོབ་པར་

D8.021.0134a07.01