完整藏文原文 · 德格版页 当前仅加载第 21 函德格 141b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པར་དག་པས། {མྱིག་,མིག་}གི་འདུས་ཏེ་རེག་པ་{མྱི་,མི་}ཤེས་སོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པས། རྣ་བའི་འདུས་ཏེ་རེག་པ་མ་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་
D8.021.0141b01.01སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པར་དག་པས། རྣ་བའི་འདུས་ཏེ་རེག་པ་མ་འཚལ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་རང་གི་མཚན་ཉིད་སྟོང་པ་
D8.021.0141b02.01ཉིད་ཀྱི་ཕྱིར་རྣམ་པར་དག་པས། རྣ་བའི་འདུས་ཏེ་རེག་པ་{མྱི་,མི་}ཤེས་སོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པས། སྣའི་འདུས་ཏེ་རེག་པ་མ་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །
D8.021.0141b03.01གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པར་དག་པས། སྣའི་འདུས་ཏེ་རེག་པ་མ་འཚལ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པར་དག་པས། སྣའི་འདུས་ཏེ་རེག་པ་{མྱི་,མི་}ཤེས་སོ། །
D8.021.0141b04.01གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པས། ལྕེའི་འདུས་ཏེ་རེག་པ་མ་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པར་དག་པས། ལྕེའི་
D8.021.0141b05.01འདུས་ཏེ་རེག་པ་མ་འཚལ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པར་དག་པས། ལྕེའི་འདུས་ཏེ་རེག་པ་{མྱི་,མི་}ཤེས་སོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པས། ལུས་ཀྱི་
D8.021.0141b06.01འདུས་ཏེ་རེག་པ་མ་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པར་དག་པས། ལུས་ཀྱི་འདུས་ཏེ་རེག་པ་མ་འཚལ་བ་ལགས། བཅོམ་ལྡན་
D8.021.0141b07.01