完整藏文原文 · 德格版页 当前仅加载第 21 函德格 328a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། ཇི་ལྟར་ན་སྙིང་རྗེ་ཆེན་པོ་ཡོངས་སུ་དག་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། ཇི་ལྟར་ན་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་ཡོངས་སུ་དག་
D8.021.0328a01.01པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། ཇི་ལྟར་ན་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོངས་སུ་དག་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། ཇི་ལྟར་ན་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོངས་སུ་དག་
D8.021.0328a02.01པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། ཇི་ལྟར་ན་ཕྱིར་{མྱི་,མི་}འོང་བའི་འབྲས་བུ་ཡོངས་སུ་དག་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། ཇི་ལྟར་ན་དགྲ་བཅོམ་པ་ཉིད་ཡོངས་སུ་དག་པའི་སླད་དུ།
D8.021.0328a03.01ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། ཇི་ལྟར་ན་རང་བྱང་ཆུབ་ཡོངས་སུ་དག་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། ཇི་ལྟར་ན་ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་དག་པའི་སླད་དུ། ཤེས་རབ་ཀྱི་ཕ་
D8.021.0328a04.01རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། ཇི་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་དག་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ལ་སྐྱེ་བ་{མྱེད་,མེད་}པ་དང་།
D8.021.0328a05.01འགག་པ་{མྱེད་,མེད་}པ་དང་། ཀུན་ནས་ཉོན་མོངས་པ་{མྱེད་,མེད་}པ་དང་། རྣམ་པར་བྱང་བ་{མྱེད་,མེད་}པ་ནི་གཟུགས་ཡོངས་སུ་དག་པའོ། །ཚོར་བ་ལ་སྐྱེ་བ་{མྱེད་,མེད་}པ་དང་། འགག་པ་{མྱེད་,མེད་}པ་དང་། ཀུན་ནས་ཉོན་མོངས་པ་{མྱེད་,མེད་}པ་དང་། རྣམ་པར་བྱང་བ་{མྱེད་,མེད་}པ་ནི་ཚོར་བ་ཡོངས་སུ་དག་
D8.021.0328a06.01པའོ། །འདུ་ཤེས་ལ་སྐྱེ་བ་{མྱེད་,མེད་}པ་དང་། འགག་པ་{མྱེད་,མེད་}པ་དང་། ཀུན་ནས་ཉོན་མོངས་པ་{མྱེད་,མེད་}པ་དང་། རྣམ་པར་བྱང་བ་{མྱེད་,མེད་}པ་ནི་འདུ་ཤེས་ཡོངས་སུ་དག་པའོ། །འདུ་བྱེད་ལ་སྐྱེ་བ་{མྱེད་,མེད་}པ་དང་། འགག་པ་{མྱེད་,མེད་}པ་དང་། ཀུན་ནས་ཉོན་མོངས་པ་{མྱེད་,མེད་}པ་དང་།
D8.021.0328a07.01