藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 21 函德格 198b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཏེ་སྒྲ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་{མྱི་,མི་}སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སྒྲ་བདག་ཅེས་བྱ་བ་འམ། བདག་{མྱེད་,མེད་}ཅེས་བྱ་བར་{མྱི་,མི་}སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སྒྲ་སྡུག་ཅེས་བྱ་བ་འམ་{མྱི་,མི་}

D8.021.0198b01.01
2

སྡུག་ཅེས་བྱ་བར་{མྱི་,མི་}སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་{མྱི་,མི་}རྟག་པ་འམ་བདེ་བ་འམ། སྡུག་བསྔལ་བ་འམ་བདག་གམ་བདག་{མྱེད་,མེད་}པ་འམ། སྡུག་པ་འམ་{མྱི་,མི་}སྡུག་པར་འགྱུར་བ་དེ་ལྟ་བུའི་སྒྲ་{མྱེད་,མེད་}

D8.021.0198b02.01
3

དོ། །གལ་ཏེ་དྲི་ལ་{མྱི་,མི་}སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་དྲི་རྟག་ཅེས་བྱ་བ་འམ། {མྱི་,མི་}རྟག་ཅེས་བྱ་བར་{མྱི་,མི་}སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་དྲི་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་{མྱི་,མི་}སྤྱོད་ན་

D8.021.0198b03.01
4

ཤེས་རབ་ཀྱི་ཕ་{རོལད་,རོལ་}ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་དྲི་བདག་ཅེས་བྱ་བ་འམ་བདག་{མྱེད་,མེད་}ཅེས་བྱ་བར་{མྱི་,མི་}སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་དྲི་སྡུག་ཅེས་བྱ་བ་འམ་{མྱི་,མི་}སྡུག་ཅེས་བྱ་བར་{མྱི་,མི་}སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ།

D8.021.0198b04.01
5

དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་{མྱི་,མི་}རྟག་པ་འམ་བདེ་བ་འམ་སྡུག་བསྔལ་བ་འམ་བདག་གམ་བདག་{མྱེད་,མེད་}པ་འམ། སྡུག་པ་འམ་{མྱི་,མི་}སྡུག་པར་འགྱུར་བ་དེ་ལྟ་བུའི་དྲི་{མྱེད་,མེད་}དོ། །གལ་ཏེ་རོལ་{མྱི་,མི་}སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་

D8.021.0198b05.01
6

རོ་རྟག་ཅེས་བྱ་བ་འམ་{མྱི་,མི་}རྟག་ཅེས་བྱ་བར་{མྱི་,མི་}སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རོ་བདེ་ཞེས་བྱ་བ་འམ་སྡུག་བསྔལ་ཞེས་བྱ་བར་{མྱི་,མི་}སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རོ་བདག་ཅེས་བྱ་བའམ་བདག་{མྱེད་,མེད་}

D8.021.0198b06.01
7

ཅེས་བྱ་བར་{མྱི་,མི་}སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རོ་སྡུག་ཅེས་བྱ་བ་འམ་{མྱི་,མི་}སྡུག་ཅེས་བྱ་བར་{མྱི་,མི་}སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་{མྱི་,མི་}རྟག་པའམ་བདེ་བ་འམ་སྡུག་

D8.021.0198b07.01