完整藏文原文 · 德格版页 当前仅加载第 21 函德格 365a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
སྟོབས་རྣམས་ལ་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་དེ། གང་གི་ཚེ་སྟོབས་རྣམས་ལ་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་པ་དེའི་ཚེ། སྟོབས་རྣམས་ལ་བརྩོན་པར་བྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་དེ། གང་གི་ཚེ་བྱང་ཆུབ་ཀྱི་ཡན་ལག་
D8.021.0365a01.01རྣམས་ལ་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་པ་དེའི་ཚེ། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་བརྩོན་པར་བྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་དེ། གང་གི་ཚེ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་པ་དེའི་ཚེ།
D8.021.0365a02.01འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་བརྩོན་པར་བྱེད་དོ། །འཕགས་པའི་བདེན་པ་རྣམས་ལ་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་དེ། གང་གི་ཚེ་འཕགས་པའི་བདེན་པ་རྣམས་ལ་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་པ་དེའི་ཚེ། འཕགས་པའི་བདེན་པ་རྣམས་ལ་བརྩོན་པར་
D8.021.0365a03.01བྱེད་དོ། །བསམ་གཏན་རྣམས་ལ་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་དེ། གང་གི་ཚེ་བསམ་གཏན་རྣམས་ལ་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་པ་དེའི་ཚེ། བསམ་གཏན་རྣམས་ལ་བརྩོན་པར་བྱེད་དོ། །ཚད་{མྱེད་,མེད་}པ་རྣམས་ལ་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་དེ། གང་གི་ཚེ་ཚད་{མྱེད་,མེད་}པ་རྣམས་
D8.021.0365a04.01ལ་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་པ་དེའི་ཚེ། ཚད་{མྱེད་,མེད་}པ་རྣམས་ལ་བརྩོན་པར་བྱེད་དོ། །གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་ལ་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་དེ། གང་གི་ཚེ་གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་ལ་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་པ་དེའི་ཚེ།
D8.021.0365a05.01གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་ལ་བརྩོན་པར་བྱེད་དོ། །རྣམ་པར་ཐར་པ་བརྒྱད་ལ་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་དེ། གང་གི་ཚེ་རྣམ་པར་ཐར་པ་བརྒྱད་ལ་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་པ་དེའི་ཚེ། རྣམ་པར་ཐར་པ་བརྒྱད་ལ་བརྩོན་པར་བྱེད་དོ། །མཐར་
D8.021.0365a06.01ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་དེ། གང་གི་ཚེ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་པ་དེའི་ཚེ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་བརྩོན་པར་བྱེད་དོ། །
D8.021.0365a07.01