藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 21 函德格 357a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཏེ། གང་གི་ཚེ་ཚད་{མྱེད་,མེད་}པ་རྣམས་ལ་{མྱི་,མི་}གནས་པ་དེའི་ཚེ། ཚད་{མྱེད་,མེད་}པ་རྣམས་ལ་བརྩོན་པར་བྱེད་དོ། །གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་ལ་{མྱི་,མི་}གནས་ཏེ། གང་གི་ཚེ་གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་

D8.021.0357a01.01
2

རྣམས་ལ་{མྱི་,མི་}གནས་པ་དེའི་ཚེ། གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་ལ་བརྩོན་པར་བྱེད་དོ། །རྣམ་པར་ཐར་པ་བརྒྱད་ལ་{མྱི་,མི་}གནས་ཏེ། གང་གི་ཚེ་རྣམ་པར་ཐར་པ་བརྒྱད་ལ་{མྱི་,མི་}གནས་པ་དེའི་ཚེ། རྣམ་པར་ཐར་པ་བརྒྱད་ལ་བརྩོན་པར་

D8.021.0357a02.01
3

བྱེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་{མྱི་,མི་}གནས་ཏེ། གང་གི་ཚེ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་{མྱི་,མི་}གནས་པ་དེའི་ཚེ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་བརྩོན་པར་བྱེད་དོ། །

D8.021.0357a03.01
4

རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པ་ལ་{མྱི་,མི་}གནས་ཏེ། གང་གི་ཚེ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པ་ལ་{མྱི་,མི་}གནས་པ་དེའི་ཚེ། རྣམ་པར་ཐར་པའི་སྒོ་སྟོང་

D8.021.0357a04.01
5

པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པ་ལ་བརྩོན་པར་བྱེད་དོ། །མངོན་པར་ཤེས་པ་རྣམས་ལ་{མྱི་,མི་}གནས་ཏེ། གང་གི་ཚེ་མངོན་པར་ཤེས་པ་རྣམས་ལ་{མྱི་,མི་}གནས་པ་དེའི་ཚེ། མངོན་པར་ཤེས་པ་རྣམས་ལ་བརྩོན་པར་བྱེད་དོ། །

D8.021.0357a05.01
6

ཏིང་ངེ་འཛིན་རྣམས་ལ་{མྱི་,མི་}གནས་ཏེ། གང་གི་ཚེ་ཏིང་ངེ་འཛིན་རྣམས་ལ་{མྱི་,མི་}གནས་པ་དེའི་ཚེ། ཏིང་ངེ་འཛིན་རྣམས་ལ་བརྩོན་པར་བྱེད་དོ། །གཟུངས་ཀྱི་སྒོ་རྣམས་ལ་{མྱི་,མི་}གནས་ཏེ། གང་གི་ཚེ་གཟུངས་ཀྱི་སྒོ་རྣམས་ལ་{མྱི་,མི་}གནས་པ་དེའི་ཚེ།

D8.021.0357a06.01
7

གཟུངས་ཀྱི་སྒོ་རྣམས་ལ་བརྩོན་པར་བྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་{མྱི་,མི་}གནས་ཏེ། གང་གི་ཚེ་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་{མྱི་,མི་}གནས་པ་དེའི་ཚེ། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་བརྩོན་པར་བྱེད་དོ། །

D8.021.0357a07.01