藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 21 函德格 380a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཏིའི་བུ་ལམ་གྱི་རྣམ་པ་ཤེས་པ་ཉིད་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་

D8.021.0380a01.01
2

རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚད་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་གཟུགས་ཚད་{མྱེད་,མེད་}པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་

D8.021.0380a02.01
3

ཕྱིན་པ་ཚད་{མྱེད་,མེད་}དོ། །ཤ་ར་དྭ་ཏིའི་བུ་ཚོར་བ་ཚད་{མྱེད་,མེད་}པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་{མྱེད་,མེད་}དོ། །ཤ་ར་དྭ་ཏིའི་བུ་འདུ་ཤེས་ཚད་{མྱེད་,མེད་}པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་{མྱེད་,མེད་}དོ། །ཤ་ར་དྭ་ཏིའི་བུ་འདུ་བྱེད་ཚད་{མྱེད་,མེད་}པའི་ཕྱིར།

D8.021.0380a03.01
4

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་{མྱེད་,མེད་}དོ། །ཤ་ར་དྭ་ཏིའི་བུ་རྣམ་པར་ཤེས་པ་ཚད་{མྱེད་,མེད་}པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་{མྱེད་,མེད་}དོ། །ཤ་ར་དྭ་ཏིའི་བུ་{མྱིག་,མིག་}ཚད་{མྱེད་,མེད་}པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་{མྱེད་,མེད་}དོ། །ཤ་ར་དྭ་ཏིའི་བུ་རྣ་

D8.021.0380a04.01
5

བ་ཚད་{མྱེད་,མེད་}པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་{མྱེད་,མེད་}དོ། །ཤ་ར་དྭ་ཏིའི་བུ་སྣ་ཚད་{མྱེད་,མེད་}པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་{མྱེད་,མེད་}དོ། །ཤ་ར་དྭ་ཏིའི་བུ་ལྕེ་ཚད་{མྱེད་,མེད་}པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་{མྱེད་,མེད་}དོ། །ཤ་ར་དྭ་

D8.021.0380a05.01
6

ཏིའི་བུ་ལུས་ཚད་{མྱེད་,མེད་}པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་{མྱེད་,མེད་}དོ། །ཤ་ར་དྭ་ཏིའི་བུ་ཡིད་ཚད་{མྱེད་,མེད་}པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་{མྱེད་,མེད་}དོ། །ཤ་ར་དྭ་ཏིའི་བུ་གཟུགས་ཚད་{མྱེད་,མེད་}པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་{མྱེད་,མེད་}

D8.021.0380a06.01
7

དོ། །ཤ་ར་དྭ་ཏིའི་བུ་སྒྲ་ཚད་{མྱེད་,མེད་}པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་{མྱེད་,མེད་}དོ། །ཤ་ར་དྭ་ཏིའི་བུ་དྲི་ཚད་{མྱེད་,མེད་}པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་{མྱེད་,མེད་}དོ། །ཤ་ར་དྭ་ཏིའི་བུ་རོ་ཚད་{མྱེད་,མེད་}པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

D8.021.0380a07.01