完整藏文原文 · 德格版页 当前仅加载第 21 函德格 334b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
པར་བྱང་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །
D8.021.0334b01.01རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་ན། བཅོམ་ལྡན་འདས་དེ་ལ་{མྱིག་,མིག་}གི་ནད་འབྱུང་
D8.021.0334b02.01བར་{མྱི་,མི་}འགྱུར་རོ། །རྣ་བའི་ནད་དང་། སྣའི་ནད་དང་། ལྕེའི་ནད་དང་། ཡན་ལག་མ་ཚང་བར་{མྱི་,མི་}འགྱུར་རོ། །ལུས་ངན་པར་{མྱི་,མི་}འགྱུར་རོ། །རྒ་པས་འཁོགས་པའི་ལུས་སུ་{མྱི་,མི་}འགྱུར་རོ། །རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ནི་{མྱི་,མི་}བདེ་བ་{མྱི་,མི་}
D8.021.0334b03.01སྤོངས་པས་དུས་བྱེད་པར་{མྱི་,མི་}འགྱུར་རོ། །དེའི་སླད་བཞིན་ལྷ་བརྒྱ་སྟོང་མང་པོ་འབྲང་བར་འགྱུར་ཏེ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དང་སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་
D8.021.0334b04.01རིས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་ཚངས་ཆེན་དང་སྣང་བ་དང་། ཆུང་སྣང་དང་། ཚད་{མྱེད་,མེད་}སྣང་བ་དང་། ཀུན་སྣང་དང་བ་དང་། དགེ་བ་དང་། ཆུང་དགེ་དང་། ཚད་{མྱེད་,མེད་}དགེ་དང་། དགེ་རྒྱས་དང་། ཆེ་བ་དང་ཆུང་ཆེ་དང་། ཚད་{མྱེད་,མེད་}
D8.021.0334b05.01ཆེ་བ་དང་། འབྲས་བུ་ཆེ་བ་དང་། {མྱི་,མི་}ཆེ་བ་དང་{མྱི་,མི་}གདུང་བ་དང་། ཤིན་ཏུ་མཐོང་བ་དང་གྱ་ནོམ་སྣང་བ་དང་། འོག་{མྱིན་,མིན་}གྱི་ལྷ་རྣམས་ཀྱང་སླད་བཞིན་དུ་འབྲང་བར་འགྱུར་རོ། །གང་ན་ཆོས་སྨྲ་བའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ཤེས་རབ་ཀྱི་ཕ་{རོལད་,རོལ་}ཏུ་
D8.021.0334b06.01ཕྱིན་པ་འདི་སྟོན་པ་དེར་ཡང་ཆོས་བརྒྱད་དང་བཅུ་བཞི་དང་བཅོ་ལྔ་དག་ལ་ལྷའི་ཚོགས་ཆེན་པོ་འདུ་བར་འགྱུར་རོ། །རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྟོན་པའི་ཚེ་བསོད་ནམས་མང་དུ་འཕེལ་བར་འགྱུར་ཏེ།
D8.021.0334b07.01