完整藏文原文 · 德格版页 当前仅加载第 21 函德格 292a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
དང་། {མྱི་,མི་}གདུང་བའི་ལྷ་དང་། ཤིན་ཏུ་མཐོང་བའི་ལྷ་དང་། གྱ་ནོམ་སྣང་བའི་ལྷ་དང་། འོག་{མྱིན་,མིན་}གྱི་ལྷ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས། ལྷ་རྫས་ཀྱི་ཙན་དན་གྱི་ཕྱེ་མས། བཅོམ་ལྡན་འདས་ལ་
D8.021.0292a01.01མངོན་པར་འཐོར་ཞིང་། བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་རྒྱལ་པོ་ཆེན་པོ་བཞི་དང་། ལྷའི་དབང་པོ་བརྒྱ་
D8.021.0292a02.01བྱིན་དང་། {མྱི་,མི་}མཇེད་ཀྱི་བདག་པོ་ཚངས་པ་དང་། ཀུན་སྣང་དང་བའི་ལྷ་རྣམས་དང་། དགེ་རྒྱས་ཀྱི་ལྷ་རྣམས་དང་། འབྲས་བུ་ཆེ་བའི་ལྷ་རྣམས་དང་། གནས་གཙང་མའི་རིས་ཀྱི་ལྷ་རྣམས་སངས་རྒྱས་ཀྱི་མཐུས། ཤར་ཕྱོགས་ཀྱི་སངས་
D8.021.0292a03.01རྒྱས་སྟོང་ཡི་གེ་འདི་དག་ཉིད་ཀྱིས་ཆོས་སྟོན་པ་མཚན་འདི་དག་ཉིད་མངའ་བ། དགེ་སློང་རབ་འབྱོར་ཅེས་བྱ་བ་ཤ་སྟག་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉིད་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་འདི་ཉིད་ཞུ་བ་དང་།
D8.021.0292a04.01དེ་ན་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་འདི་ཉིད་ཞུ་ཞིང་ཡོངས་སུ་དྲི་བ་སེམས་ལ་སྣང་བར་གྱུར་ཏོ། །ལྷོ་ཕྱོགས་ཀྱི་སངས་རྒྱས་སྟོང་ཡི་གེ་འདི་དག་ཉིད་ཀྱིས་ཆོས་སྟོན་པ། མཚན་འདི་དག་ཉིད་མངའ་བ། དགེ་
D8.021.0292a05.01སློང་རབ་འབྱོར་ཅེས་བྱ་བ་ཤ་སྟག་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉིད་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་འདི་ཉིད་ཞུ་བ་དང་། དེ་ན་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་འདི་ཉིད་ཞུ་ཞིང་
D8.021.0292a06.01ཡོངས་སུ་དྲི་བ་སེམས་ལ་སྣང་བར་གྱུར་ཏོ། །ནུབ་ཕྱོགས་ཀྱི་སངས་རྒྱས་སྟོང་ཡི་གེ་འདི་དག་ཉིད་ཀྱིས་ཆོས་སྟོན་པ་མཚན་འདི་དག་ཉིད་མངའ་བ། དགེ་སློང་རབ་འབྱོར་ཅེས་བྱ་བ་ཤ་སྟག་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉིད་
D8.021.0292a07.01