藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 21 函德格 265a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

སུ་{མྱི་,མི་}བྱེད། སྐྱེ་མཆེད་དྲུག་གིས་རློམ་སེམས་སུ་{མྱི་,མི་}བྱེད། སྐྱེ་མཆེད་དྲུག་བདག་གི་ཞེས་རློམ་སེམས་སུ་{མྱི་,མི་}བྱེད། སྐྱེ་མཆེད་དྲུག་ལ་རློམ་སེམས་སུ་{མྱི་,མི་}བྱེད་ན། །དེ་{རྨྱི་,རྨི་}ལམ་རློམ་སེམས་སུ་{མྱི་,མི་}བྱེད། {རྨྱི་,རྨི་}ལམ་

D8.021.0265a01.01
2

གྱིས་རློམ་སེམས་སུ་{མྱི་,མི་}བྱེད། {རྨྱི་,རྨི་}ལམ་བདག་གི་ཞེས་རློམ་སེམས་སུ་{མྱི་,མི་}བྱེད། {རྨྱི་,རྨི་}ལམ་ལ་རློམ་སེམས་སུ་{མྱི་,མི་}བྱེད་དོ། །དེ་སྒྱུ་མ་རློམ་སེམས་སུ་{མྱི་,མི་}བྱེད། སྒྱུ་མས་རློམ་སེམས་སུ་{མྱི་,མི་}བྱེད། སྒྱུ་མ་བདག་གི་ཞེས་རློམ་སེམས་སུ་{མྱི་,མི་}བྱེད།

D8.021.0265a02.01
3

སྒྱུ་མ་ལ་རློམ་སེམས་སུ་{མྱི་,མི་}བྱེད་དོ། །དེ་སྨྱིག་རྒྱུ་རློམ་སེམས་སུ་{མྱི་,མི་}བྱེད། སྨྱིག་རྒྱུས་རློམ་སེམས་སུ་{མྱི་,མི་}བྱེད། སྨྱིག་རྒྱུ་བདག་གི་ཞེས་རློམ་སེམས་སུ་{མྱི་,མི་}བྱེད། སྨྱིག་རྒྱུ་ལ་རློམ་སེམས་སུ་{མྱི་,མི་}བྱེད་དོ། །དེ་སྒྲ་བརྙན་རློམ་སེམས་སུ་{མྱི་,མི་}བྱེད། སྒྲ་

D8.021.0265a03.01
4

བརྙན་གྱིས་རློམ་སེམས་སུ་{མྱི་,མི་}བྱེད། སྒྲ་བརྙན་བདག་གི་ཞེས་རློམ་སེམས་སུ་{མྱི་,མི་}བྱེད། སྒྲ་བརྙན་ལ་རློམ་སེམས་སུ་{མྱི་,མི་}བྱེད་དོ། །དེ་{མྱིག་,མིག་}ཡོར་རློམ་སེམས་སུ་{མྱི་,མི་}བྱེད། {མྱིག་,མིག་}ཡོར་གྱིས་རློམ་སེམས་སུ་{མྱི་,མི་}བྱེད། {མྱིག་,མིག་}ཡོར་བདག་གི་ཞེས་རློམ་སེམས་

D8.021.0265a04.01
5

སུ་{མྱི་,མི་}བྱེད། {མྱིག་,མིག་}ཡོར་ལ་རློམ་སེམས་སུ་{མྱི་,མི་}བྱེད་དོ། །དེ་དྲི་ཟའི་གྲོང་ཁྱེར་རློམ་སེམས་སུ་{མྱི་,མི་}བྱེད། དྲི་ཟའི་གྲོང་ཁྱེར་གྱིས་རློམ་སེམས་སུ་{མྱི་,མི་}བྱེད། དྲི་ཟའི་གྲོང་ཁྱེར་བདག་གི་ཞེས་རློམ་སེམས་སུ་{མྱི་,མི་}བྱེད། དྲི་ཟའི་གྲོང་ཁྱེར་ལ་རློམ་སེམས་སུ་{མྱི་,མི་}བྱེད་

D8.021.0265a05.01
6

དོ། །དེ་སྤྲུལ་པ་རློམ་སེམས་སུ་{མྱི་,མི་}བྱེད། སྤྲུལ་པས་རློམ་སེམས་སུ་{མྱི་,མི་}བྱེད། སྤྲུལ་པ་བདག་གི་ཞེས་རློམ་སེམས་སུ་{མྱི་,མི་}བྱེད། སྤྲུལ་པ་ལ་རློམ་སེམས་སུ་{མྱི་,མི་}བྱེད་དོ། །ཀཽ་ཤི་ཀ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

D8.021.0265a06.01
7

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རེག་པ་རློམ་སེམས་སུ་{མྱི་,མི་}བྱེད། རེག་པས་རློམ་སེམས་སུ་{མྱི་,མི་}བྱེད། རེག་པ་བདག་གི་ཞེས་རློམ་སེམས་སུ་{མྱི་,མི་}བྱེད། རེག་པ་ལ་རློམ་སེམས་སུ་{མྱི་,མི་}བྱེད་ན། དེ་{རྨྱི་,རྨི་}ལམ་རློམ་སེམས་སུ་{མྱི་,མི་}བྱེད།

D8.021.0265a07.01