完整藏文原文 · 德格版页 当前仅加载第 21 函德格 240a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ནོ། །རབ་འབྱོར་དེ་དེ་བཞིན་ཏེ། ཆོས་ཟབ་མོ་འདི་བསྟན་ཀྱང་ཡོངས་སུ་{མྱི་,མི་}འགྲིབ། མ་བསྟན་ཀྱང་ཡོངས་སུ་{མྱི་,མི་}འགྲིབ། བསྟན་ཀྱང་{མྱི་,མི་}འཕེལ་མ་བསྟན་ཀྱང་{མྱི་,མི་}
D8.021.0240a01.01འཕེལ་ལོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནམ་འཚོའི་བར་དུ་བཞུགས་ཤིང་ནམ་མཁའི་ལེགས་པ་འམ་མ་ལགས་པ་བརྗོད་ཀྱང་། ནམ་མཁའ་ནི་ལེགས་པ་
D8.021.0240a02.01བརྗོད་པས་ཡོངས་སུ་འགྲིབ་པ་{མྱེད་,མེད་}དོ། །ཉེས་པ་བརྗོད་པས་ཡོངས་སུ་འགྲིབ་པ་{མྱེད་,མེད་}དོ། །ནམ་མཁའ་ནི་ལེགས་པ་བརྗོད་ཀྱང་འཕེལ་བ་{མྱེད་,མེད་}དོ། །ཉེས་པ་བརྗོད་ཀྱང་འཕེལ་བ་{མྱེད་,མེད་}དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་
D8.021.0240a03.01བུ་ནི་ལེགས་པ་བརྗོད་ཀྱང་འཕེལ་བ་{མྱེད་,མེད་}དོ། །ཉེས་པ་བརྗོད་ཀྱང་འགྲིབ་པ་{མྱེད་,མེད་}དོ། །ལེགས་པ་བརྗོད་ཀྱང་ཆགས་པར་འགྱུར་བ་{མྱེད་,མེད་}དོ། །ཉེས་པ་བརྗོད་ཀྱང་ཁོང་ཁྲོ་བར་འགྱུར་བ་{མྱེད་,མེད་}དོ། །རབ་འབྱོར་དེ་བཞིན་དུ་ཆོས་རྣམས་ཀྱི་ཆོས་
D8.021.0240a04.01ཉིད་གང་ཡིན་པ་དེ་བསྟན་ཀྱང་དེ་བཞིན་མ་བསྟན་ཀྱང་དེ་བཞིན་ནོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པའི་ཚེ། ཞུམ་པ་དང་གཡེང་
D8.021.0240a05.01བར་{མྱི་,མི་}འགྱུར་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྩོན་པར་བགྱིད་ཅིང་། བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་སླར་{མྱི་,མི་}ལྡོག་པ་ནི་དཀའ་བ་བགྱིད་པའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟ་སྟེ། བྱང་ཆུབ་
D8.021.0240a06.01སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི་ནམ་མཁའ་བསྒོམ་པ་སྟེ། ནམ་མཁའ་ལ་ནི་གཟུགས་མ་མཆིས་སོ། །ཚོར་བ་མ་མཆིས་སོ། །འདུ་ཤེས་མ་མཆིས་སོ། །འདུ་བྱེད་མ་མཆིས་སོ། །
D8.021.0240a07.01