完整藏文原文 · 德格版页 当前仅加载第 21 函德格 185b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཚོར་བ་ཞེས་བྱ་བར་འདུ་ཤེས་པ་{མྱེད་,མེད་}དོ། །འདུ་ཤེས་ལ་འདུ་ཤེས་ཞེས་བྱ་བར་འདུ་ཤེས་པ་{མྱེད་,མེད་}དོ། །འདུ་བྱེད་ལ་འདུ་བྱེད་ཅེས་བྱ་བར་འདུ་ཤེས་པ་{མྱེད་,མེད་}དོ། །རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་ཞེས་བྱ་བར་འདུ་ཤེས་པ་{མྱེད་,མེད་}དོ། །འདས་པའི་
D8.021.0185b01.01ཆོས་རྣམས་ལ་འདས་པའི་ཚེས་ཞེས་བྱ་བར་འདུ་ཤེས་པ་{མྱེད་,མེད་}དོ། །མ་འོངས་པའི་ཆོས་རྣམས་ལ་མ་འོངས་པའི་ཆོས་ཞེས་བྱ་བར་འདུ་ཤེས་པ་{མྱེད་,མེད་}དོ། །དེ་ལྟར་བྱུང་བའི་ཆོས་རྣམས་ལ་ད་ལྟར་བྱུང་བའི་ཆོས་ཞེས་བྱ་བར་འདུ་ཤེས་པ་{མྱེད་,མེད་}དོ། །ཚེ་དང་ལྡན་
D8.021.0185b02.01པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། འདི་སྙམ་དུ་བདག་གིས་སྦྱིན་པ་ཞིག་སྦྱིན་ནོ། །འདི་ལ་སྦྱིན་པ་ཞིག་སྦྱིན་ནོ། །སྦྱིན་པ་འདི་ལྟ་བུ་ཞིག་སྦྱིན་ནོ་ཞེ་འམ།
D8.021.0185b03.01བདག་གིས་ནི་ཚུལ་ཁྲིམས་ཤིག་བསྲུང་ངོ་། །ཚུལ་ཁྲིམས་འདི་ལྟ་བུ་ཞིག་བསྲུང་ངོ་ཞེ་འམ། བདག་གིས་ནི་བཟོད་པ་ཞིག་བསྒོམ་མོ། །བཟོད་པ་འདི་ལྟ་བུ་ཞིག་བསྒོམ་མོ་ཞེ་འམ། བདག་གིས་ནི་བརྩོན་འགྲུས་ཤིག་བརྩམ་མོ། །བརྩོན་འགྲུས་འདི་
D8.021.0185b04.01ལྟ་བུ་ཞིག་བརྩམ་མོ་ཞེ་འམ། བདག་གིས་ནི་བསམ་གཏན་ལ་མཉམ་པར་གཞག་གོ །བསམ་གཏན་འདི་ལྟ་བུ་ཞིག་ལ་མཉམ་པར་གཞག་གོ་ཞེ་འམ། བདག་གིས་ནི་ཤེས་རབ་ཅིག་བསྒོམ་མོ། ཤེས་རབ་འདི་ལྟ་བུ་ཞིག་བསྒོམ་མོ་ཞེ་འམ། བདག་
D8.021.0185b05.01གིས་ནི་བསོད་ནམས་ཤིག་བསྐྱེད་དོ། །བསོད་ནམས་འདི་ལྟ་བུ་ཞིག་བསྐྱེད་དོ། །བསོད་ནམས་འདི་ཙམ་ཞིག་བསྐྱེད་དོ། །བདག་གིས་ནི་བྱང་ཆུབ་སེམས་དཔའི་སྐྱོན་{མྱེད་,མེད་}པར་ཆུད་པར་བྱའོ། །བདག་གིས་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་
D8.021.0185b06.01བྱའོ། །བདག་གིས་ནི་སེམས་ཅན་ཡོངས་སུ་སྨྱིན་པར་བྱའོ་ཞེ་འམ། བདག་གིས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱའོ་སྙམ་དུ་སེམས་པ་{མྱེད་,མེད་}དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་
D8.021.0185b07.01