藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 21 函德格 361a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་སྙིང་རྗེ་ཆེན་པོ་{མྱི་,མི་}{དམྱིགས་,དམིགས་}སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་{མྱི་,མི་}{དམྱིགས་,དམིགས་}སོ། །གང་ལ་

D8.021.0361a01.01
2

གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་རྒྱུན་ཏུ་ཞུགས་པའི་འབྲས་བུ་{མྱི་,མི་}{དམྱིགས་,དམིགས་}སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་{མྱི་,མི་}{དམྱིགས་,དམིགས་}སོ། །གང་ལ་གནས་པར་

D8.021.0361a02.01
3

བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་ཕྱིར་{མྱི་,མི་}འོང་བའི་འབྲས་བུ་{མྱི་,མི་}{དམྱིགས་,དམིགས་}སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་དགྲ་བཅོམ་པ་ཉིད་{མྱི་,མི་}{དམྱིགས་,དམིགས་}སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་

D8.021.0361a03.01
4

བྱ་བ་དེ་ལྟ་བུའི་རང་བྱང་ཆུབ་{མྱི་,མི་}{དམྱིགས་,དམིགས་}སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་ལམ་གྱི་རྣམ་པ་ཤེས་པ་ཉིད་{མྱི་,མི་}{དམྱིགས་,དམིགས་}སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་རྣམ་པ་ཐམས་ཅད་

D8.021.0361a04.01
5

མཁྱེན་པ་ཉིད་{མྱི་,མི་}{དམྱིགས་,དམིགས་}སོ། །ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ལ་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་དེ་གང་གི་ཚེ་གཟུགས་ལ་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་པ་དེའི་ཚེ།

D8.021.0361a05.01
6

གཟུགས་ལ་བརྩོན་པར་བྱེད་དོ། །ཚོར་བ་ལ་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་དེ་གང་གི་ཚེ་ཚོར་བ་ལ་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་པ་དེའི་ཚེ། ཚོར་བ་ལ་བརྩོན་པར་བྱེད་དོ། །འདུ་ཤེས་ལ་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་དེ་གང་གི་ཚེ་འདུ་ཤེས་ལ་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་པ་དེའི་ཚེ། འདུ་

D8.021.0361a06.01
7

ཤེས་ལ་བརྩོན་པར་བྱེད་དོ། །འདུ་བྱེད་ལ་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་དེ་གང་གི་ཚེ་འདུ་བྱེད་ལ་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་པ་དེའི་ཚེ། འདུ་བྱེད་ལ་བརྩོན་པར་བྱེད་དོ། །རྣམ་པར་ཤེས་པ་ལ་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་དེ་གང་གི་ཚེ་རྣམ་པར་ཤེས་པ་ལ་{མྱི་,མི་}སྦྱོར་{མྱི་,མི་}འབྱེད་པ་

D8.021.0361a07.01