完整藏文原文 · 德格版页 当前仅加载第 33 函德格 143a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་ཟག་པ་དང་བཅས་པ་རྣམས་སེམས་ཟག་པ་དང་བཅས་པའོ་ཞེས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་
D12.033.0143a01.01མཁྱེན་ཏོ། །རབ་འབྱོར་ཅི་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་ཟག་པ་དང་བཅས་པ་རྣམས་སེམས་ཟག་པ་དང་བཅས་པའོ་ཞེས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་སེམས་
D12.033.0143a02.01དེ་དག་ནི་ངོ་བོ་ཉིད་མེད་ཅིང་མེད་པ་དང་འདྲ་བ་ཡིན་ཏེ། རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་ཟག་པ་དང་བཅས་པ་རྣམས་སེམས་ཟག་པ་དང་བཅས་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་
D12.033.0143a03.01དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་ཟག་པ་མེད་པ་རྣམས་སེམས་ཟག་པ་མེད་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་
D12.033.0143a04.01ཅི་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་ཟག་པ་མེད་པ་རྣམས་སེམས་ཟག་པ་མེད་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་སེམས་དེ་དག་ནི་དངོས་པོ་མེད་པར་གཞོལ་
D12.033.0143a05.01བ་ལྷུན་གྱིས་གྲུབ་པ་སྟེ། རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་ཟག་པ་མེད་པ་རྣམས་སེམས་ཟག་པ་མེད་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་
D12.033.0143a06.01ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་འདོད་ཆགས་དང་བཅས་པ་རྣམས་སེམས་འདོད་ཆགས་དང་བཅས་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཅི་ལྟར་དེ་བཞིན་གཤེགས་པས་
D12.033.0143a07.01