藏传佛教 · 德格甘珠尔 · 经部

德格《甘珠尔》D220

sangs rgyas kyi sde snod tshul khrims 'chal pa tshar gcod pa zhes bya ba theg pa chen po'i mdo/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D220

完整藏文原文 · 德格版页 当前仅加载第 63 函德格 1b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

༄༅༅། །རྒྱ་གར་སྐད་དུ། བུད་དྷ་པཱི་ཊ་ཀ་དུཿཤཱི་ལ་ནི་གྲ་ཧཱི་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། སངས་རྒྱས་ཀྱི་སྡེ་སྣོད་ཚུལ་ཁྲིམས་འཆལ་པ་ཚར་གཅོད་པ་ཞེས་བྱ་བ་ཐེག་པ་

D220.063.0001b01.01
2

ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་བཱ་རཱ་

D220.063.0001b02.01
3

ཎ་སཱིའི་དྲང་སྲོང་ལྷུང་བ་{རི་དགས་,རི་དྭགས་}ཀྱི་ནགས་ན། དགེ་སློང་གི་དགེ་འདུན་ཆེན་པོ་ཟག་པ་ཟད་པ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་

D220.063.0001b03.01
4

སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། དབང་དུ་གྱུར་པ་ལྔ་བརྒྱ་དང་ཐབས་ཅིག་ཏུ་བཞུགས་ཏེ། ཐམས་ཅད་

D220.063.0001b04.01
5

ཀྱང་དགྲ་བཅོམ་པ་ཤ་སྟག་སྟེ། གང་ཟག་གཅིག་མ་གཏོགས་པ་ནི་འདི་ལྟ་སྟེ། ཚེ་དང་ལྡན་པ་ཀུན་དགའ་བོའོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་

D220.063.0001b05.01