藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 17 函德格 15a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

གཞན་མ་ཡིན། སྔོན་གྱི་མཐའ་ཡང་གཞན་མ་ཡིན། ཕྱི་མའི་མཐའ་ཡང་གཞན་མ་ཡིན། དབུས་ཀྱང་གཞན་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་ལྟར་ན་གཟུངས་ཀྱི་སྒོ་{མྱེད་,མེད་}པ་གང་ཡིན་པ་དང་།

D8.017.0015a01.01
2

གཟུངས་ཀྱི་སྒོ་སྟོང་པ་ཉིད་གང་ཡིན་པ་དང་། གཟུངས་ཀྱི་སྒོ་དབེན་པ་གང་ཡིན་པ་དང་། གཟུངས་ཀྱི་སྒོ་ངོ་བོ་ཉིད་{མྱེད་,མེད་}པ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། སྔོན་གྱི་མཐའ་གང་ཡིན་པ་དང་། ཕྱི་མའི་

D8.017.0015a02.01
3

མཐའ་གང་ཡིན་པ་དང་། དབུས་གང་ཡིན་པ་དེ་ཐམས་ཅད་ཀྱང་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་བཞིན་གཤེགས་པའི་སྟོབས་{མྱེད་,མེད་}པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་

D8.017.0015a03.01
4

མཐར་{མྱི་,མི་}{དམྱིགས་,དམིགས་}སོ། །དེ་བཞིན་གཤེགས་པའི་སྟོབས་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་{མྱི་,མི་}{དམྱིགས་,དམིགས་}སོ། །དེ་བཞིན་གཤེགས་པའི་སྟོབས་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་

D8.017.0015a04.01
5

མཐར་{མྱི་,མི་}{དམྱིགས་,དམིགས་}སོ། །དེ་བཞིན་གཤེགས་པའི་སྟོབས་ངོ་བོ་ཉིད་{མྱེད་,མེད་}པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་{མྱི་,མི་}{དམྱིགས་,དམིགས་}སོ། །དེ་བཞིན་གཤེགས་པའི་སྟོབས་{མྱེད་,མེད་}པའི་ཕྱིར། བྱང་ཆུབ་སེམས་དཔའ་

D8.017.0015a05.01
6

ཕྱི་མའི་མཐར་{མྱི་,མི་}{དམྱིགས་,དམིགས་}སོ། །དེ་བཞིན་གཤེགས་པའི་སྟོབས་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་{མྱི་,མི་}{དམྱིགས་,དམིགས་}སོ། །དེ་བཞིན་གཤེགས་པའི་སྟོབས་དབེན་པའི་ཕྱིར། བྱང་ཆུབ་སེམས་

D8.017.0015a06.01
7

དཔའ་ཕྱི་མའི་མཐར་{མྱི་,མི་}{དམྱིགས་,དམིགས་}སོ། །དེ་བཞིན་གཤེགས་པའི་སྟོབས་ངོ་བོ་ཉིད་{མྱེད་,མེད་}པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མི་{དམྱིགས་,དམིགས་}སོ། །དེ་བཞིན་གཤེགས་པའི་སྟོབས་{མྱེད་,མེད་}པའི་ཕྱིར། བྱང་ཆུབ་

D8.017.0015a07.01