完整藏文原文 · 德格版页 当前仅加载第 17 函德格 258a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
རྫོགས་པའི་བྱང་ཆུབ་ཏུ་སྔོ་ཞིང་། བདག་གི་བཟོད་པའི་འབྲས་བུ་འདིས་སེམས་ཅན་འདི་དག་ཚེ་འདི་ཉིད་ལ་བདེ་བ་དང་། ཉེ་བར་ལེན་པ་{མྱེད་,མེད་}པར་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཅིག་ཅེས་ཡོངས་སུ་སྔོ་སྟེ། དེ་འདི་ལྟར་བདག་ཏུ་འདུ་ཤེས་པ་དང་
D8.017.0258a01.01གཞན་དུ་འདུ་ཤེས་པ་དང་། བཟོད་པར་འདུ་ཤེས་པ་དང་། ཆགས་པ་འདི་གསུམ་ལ་ཆགས་ཤིང་བཟོད་པ་སྒོམ་མོ། །འདི་ནི་འཇིག་རྟེན་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། དེ་ནི་འདི་ལྟར་འཇིག་རྟེན་ལས་{མྱི་,མི་}གཡོ་{མྱི་,མི་}འཕག་{མྱི་,མི་}འདའ་བས་དེའི་ཕྱིར་འཇིག་རྟེན་པ་ཞེས་
D8.017.0258a02.01བྱའོ། །དེ་ལ་འཇིག་རྟེན་ལས་འདས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། འདི་ལྟར་འཁོར་གསུམ་ཡོངས་སུ་དག་པ་སྟེ། དེ་ལ་འཁོར་གསུམ་ཡོངས་སུ་དག་པ་གང་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
D8.017.0258a03.01བཟོད་པ་སྒོམ་པའི་ཚེ། བདག་{མྱི་,མི་}{དམྱིགས་,དམིགས་}སེམས་ཅན་{མྱི་,མི་}{དམྱིགས,དམིགས}། བཟོད་པ་{མྱི་,མི་}{དམྱིགས,དམིགས}། རྣམ་པར་སྨིན་པ་ལ་ཡང་དགའ་བར་{མྱི་,མི་}བྱེད་དེ། བཟོད་པ་དེ་སེམས་ཅན་ཐམས་ཅད་ལ་གཏོང་ཞིང་། སེམས་ཅན་དེ་དག་ཀྱང་{མྱི་,མི་}{དམྱིགས་,དམིགས་}པར་བླ་ན་མེད་པ་ཡང་དག་པར་
D8.017.0258a04.01རྫོགས་པའི་བྱང་ཆུབ་ཏུ་སྔོ་ཞིང་། མཚན་མ་{ཆུང་ཟད་,ཅུང་ཟད་}ཀྱང་ཡང་དག་པར་རྗེས་སུ་མི་མཐོང་བ་འདི་ནི། འཇིག་རྟེན་ལས་འདས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ནི་འདི་ལྟར་འཇིག་རྟེན་ལས་གཡོ་ཞིང་འཕགས་འདའ་བས་དེའི་ཕྱིར་འཇིག་རྟེན་ལས་འདས་པ་
D8.017.0258a05.01ཞེས་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཇིག་རྟེན་པ་ཡང་ཡོད། འཇིག་རྟེན་ལས་འདས་པ་ཡང་ཡོད་དེ། དེ་ལ་འཇིག་རྟེན་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལ་
D8.017.0258a06.01བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་རྩོམ་ཞིང་། དེ་ལ་ཡང་གནས་པས་རྩོམ་སྟེ། དེ་འདི་སྙམ་དུ་བདག་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བརྩོན་འགྲུས་རྩོམ་མོ། །འདི་ནི་ལུས་སོ། །འདི་ནི་སེམས་སོ། །འདི་ནི་བརྩོན་འགྲུས་སོ། །བདག་ནི་
D8.017.0258a07.01