完整藏文原文 · 德格版页 当前仅加载第 17 函德格 303b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས། མངོན་པར་ཤེས་པ་རྣམས་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས། ཏིང་ངེ་འཛིན་རྣམས་སྒོམ་མོ། །རྣམ་པ་
D8.017.0303b01.01ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མི་{དམྱིགས་,དམིགས་}པའི་ཚུལ་གྱིས། གཟུངས་ཀྱི་སྒོ་རྣམས་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས། དེ་བཞིན་གཤེགས་
D8.017.0303b02.01པའི་སྟོབས་བཅུ་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས། མི་འཇིགས་པ་བཞི་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་{མྱི་,མི་}{དམྱིགས་,དམིགས་}
D8.017.0303b03.01པའི་ཚུལ་གྱིས། སོ་སོ་ཡང་དག་པར་རིག་པ་བཞི་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས། བྱམས་པ་ཆེན་པོ་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་
D8.017.0303b04.01བསྐྱེད་པས། དེ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས། སྙིང་རྗེ་ཆེན་པོ་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་སྒོམ་མོ། །ཀཽ་ཤི་ཀ་གཞན་ཡང་
D8.017.0303b05.01བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟར་སོ་སོར་ཡང་དག་པར་སློབ་སྟེ། འདི་ལྟར་ཆོས་རྣམས་མངོན་པར་རླན་བར་བྱེད་པ་དང་། ཡོངས་སུ་རླན་བར་བྱེད་པ་དང་། ཡོངས་སུ་རྫོགས་པར་བྱེད་པ་དང་།
D8.017.0303b06.01ཡོངས་སུ་རྒྱས་པར་བྱེད་པ་དང་། ཡོངས་སུ་དཔྱོད་པར་བྱེད་པ་དེ་དག་ནི་ཆོས་ཁོ་ནར་ཟད་དེ། དེ་ལ་བདག་གམ་བདག་གི་{མྱེད་,མེད་}དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་རྩ་བའི་སེམས་གང་ཡིན་པ་དེ་ཡང་བྱང་ཆུབ་ཀྱི་
D8.017.0303b07.01