藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 17 函德格 60b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

པ་ལ་{མྱེད་,མེད་}ཅིང་{མྱི་,མི་}{དམྱིགས་,དམིགས་}སོ། །ལེནད་པ་ནི་ལེནད་པ་ལ་མེད་ཅིང་མི་{དམྱིགས་,དམིགས་}སོ། །ལེནད་པ་ནི་མ་རིག་པ་དང་འདུ་བྱེད་དང་རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་རེག་པ་དང་། ཚོར་བ་དང་སྲེད་པ་ལ་མེད་ཅིང་{མྱི་,མི་}{དམྱིགས་,དམིགས་}སོ། །མ་རིག་པ་དང་འདུ་བྱེད་

D8.017.0060b01.01
2

དང་རྣམ་པར་ཤེས་པ་དང་། {མྱིང་,མིང་}དང་གཟུགས་དང་། སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བ་དང་སྲེད་པ་དང་། ལེན་པ་ནི་སྲིད་པ་ལ་མེད་ཅིང་{མྱི་,མི་}{དམྱིགས་,དམིགས་}སོ། །སྲིད་པ་ནི་སྲིད་པ་ལ་{མྱེད་,མེད་}ཅིང་{མྱི་,མི་}{དམྱིགས་,དམིགས་}སོ། །སྲིད་པ་ནི་མ་རིག་པ་དང་། འདུ་བྱེད་དང་རྣམ་པར་ཤེས་པ་དང་། {མྱིང་,མིང་}

D8.017.0060b02.01
3

དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་ཚོར་བ་དང་། སྲིད་པ་དང་ལེན་པ་ལ་{མྱེད་,མེད་}ཅིང་{མྱི་,མི་}{དམྱིགས་,དམིགས་}སོ། །མ་རིག་པ་དང་འདུ་བྱེད་དང་རྣམ་པར་ཤེས་པ་དང་མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་ཚོར་བ་དང་སྲེད་པ་དང་ལེན་པ་དང་། སྲིད་པ་ནི་སྐྱེ་བ་

D8.017.0060b03.01
4

ལ་མེད་ཅིང་{མྱི་,མི་}{དམྱིགས་,དམིགས་}སོ། །སྐྱེ་བ་ནི་སྐྱེ་བ་ལ་མེད་ཅིང་{མྱི་,མི་}{དམྱིགས་,དམིགས་}སོ། །སྐྱེ་བ་ནི་མ་རིག་པ་དང་། འདུ་བྱེད་དང་རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་ཚོར་བ་དང་སྲེད་པ་དང་ལེན་པ་དང་། སྲིད་པ་ལ་མེད་ཅིང་{མྱི་,མི་}{དམྱིགས་,དམིགས་}སོ། །མ་རིག་པ་དང་། འདུ་བྱེད་དང་།

D8.017.0060b04.01
5

རྣམ་པར་ཤེས་པ་དང་། {མྱིང་,མིང་}དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་ཚོར་བ་དང་སྲེད་པ་དང་ལེན་པ་དང་། སྲིད་པ་དང་སྐྱེ་བ་ནི་རྒ་ཤི་ལ་{མྱེད་,མེད་}ཅིང་{མྱི་,མི་}{དམྱིགས་,དམིགས་}སོ། །རྒ་ཤི་ནི་རྒ་ཤི་ལ་{མྱེད་,མེད་}ཅིང་{མྱི་,མི་}{དམྱིགས་,དམིགས་}སོ། །རྒ་ཤི་ནི་མ་རིག་པ་དང་། འདུ་བྱེད་དང་རྣམ་

D8.017.0060b05.01
6

པར་ཤེས་པ་དང་། {མྱིང་,མིང་}དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་ཚོར་བ་དང་སྲེད་པ་དང་། ལེན་པ་དང་སྲིད་པ་དང་། སྐྱེ་བ་ལ་{མྱེད་,མེད་}ཅིང་{མྱི་,མི་}{དམྱིགས་,དམིགས་}སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་{མྱེད་,མེད་}ཅིང་{མྱི་,མི་}{དམྱིགས་,དམིགས་}སོ། །སྦྱིན་པའི་

D8.017.0060b06.01
7

ཕ་རོལ་ཏུ་ཕྱིན་པ་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མེད་ཅིང་མི་དམིགས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མེད་ཅིང་མི་དམིགས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་

D8.017.0060b07.01