藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 17 函德格 297a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

རྣམ་པར་ཤེས་པའི་ཁམས་ནི་མི་རྟག་པར་ཡིད་ལ་བྱའོ། །རྣམ་པར་ཤེས་པའི་ཁམས་ནི་སྡུག་བསྔལ་བར་ཡིད་ལ་བྱའོ། །རྣམ་པར་ཤེས་པའི་ཁམས་ནི་བདག་{མྱེད་,མེད་}པར་ཡིད་ལ་བྱའོ། །རྣམ་པར་ཤེས་པའི་ཁམས་ནི་ཞི་བར་ཡིད་ལ་

D8.017.0297a01.01
2

བྱའོ། །རྣམ་པར་ཤེས་པའི་ཁམས་ནི་དབེན་པར་ཡིད་ལ་བྱའོ། །རྣམ་པར་ཤེས་པའི་ཁམས་ནི་ནད་དུ་ཡིད་ལ་བྱའོ། །རྣམ་པར་ཤེས་པའི་ཁམས་ནི་ཤུ་བར་ཡིད་ལ་བྱའོ། །རྣམ་པར་ཤེས་པའི་ཁམས་ནི་ཟུག་རྔུར་ཡིད་ལ་བྱའོ། །རྣམ་པར་ཤེས་པའི་

D8.017.0297a02.01
3

ཁམས་ནི་སྡིག་པར་ཡིད་ལ་བྱའོ། །རྣམ་པར་ཤེས་པའི་ཁམས་ནི་ན་བར་ཡིད་ལ་བྱའོ། །རྣམ་པར་ཤེས་པའི་ཁམས་ནི་དགྲར་ཡིད་ལ་བྱའོ། །རྣམ་པར་ཤེས་པའི་ཁམས་ནི་འཇིག་པའི་ཆོས་ཅན་དུ་ཡིད་ལ་བྱའོ། །རྣམ་པར་ཤེས་པའི་ཁམས་ནི་

D8.017.0297a03.01
4

མི་བརྟན་པར་ཡིད་ལ་བྱའོ། །རྣམ་པར་ཤེས་པའི་ཁམས་ནི་འཇིག་པར་ཡིད་ལ་བྱའོ། །རྣམ་པར་ཤེས་པའི་ཁམས་ནི་འཇིགས་པར་ཡིད་ལ་བྱའོ། །རྣམ་པར་ཤེས་པའི་ཁམས་ནི་འགོ་བའི་ནད་དུ་ཡིད་ལ་བྱའོ། །རྣམ་པར་ཤེས་པའི་ཁམས་ནི་

D8.017.0297a04.01
5

སྟོང་པ་ཉིད་དུ་ཡིད་ལ་བྱའོ། །རྣམ་པར་ཤེས་པའི་ཁམས་ནི་བདག་གི་{མྱེད་,མེད་}པར་ཡིད་ལ་བྱའོ། །རྣམ་པར་ཤེས་པའི་ཁམས་ནི་ཡིད་བརྟན་དུ་མི་རུང་བར་ཡིད་ལ་བྱའོ། །རྣམ་པར་ཤེས་པའི་ཁམས་ནི་གནོད་པར་ཡིད་ལ་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་

D8.017.0297a05.01
6

དང་ལྡན་པའི་སེམས་བསྐྱེད་པས། དེ་མི་དམིགས་པའི་ཚུལ་གྱིས། མ་རིག་པ་ནི་མི་རྟག་པར་ཡིད་ལ་བྱའོ། །མ་རིག་པ་ནི་སྡུག་བསྔལ་བར་ཡིད་ལ་བྱའོ། །མ་རིག་པ་ནི་བདག་མེད་པར་ཡིད་ལ་བྱའོ། །མ་རིག་པ་ནི་ཞི་བར་ཡིད་ལ་བྱའོ། །མ་རིག་པ་ནི་

D8.017.0297a06.01
7

དབེན་པར་ཡིད་ལ་བྱའོ། །མ་རིག་པ་ནི་ནད་དུ་ཡིད་ལ་བྱའོ། །མ་རིག་པ་ནི་ཤུ་བར་ཡིད་ལ་བྱའོ། །མ་རིག་པ་ནི་ཟུག་རྔུར་ཡིད་ལ་བྱའོ། །མ་རིག་པ་ནི་སྡིག་པར་ཡིད་ལ་བྱའོ། །མ་རིག་པ་ནི་ན་བར་ཡིད་ལ་བྱའོ། །མ་རིག་པ་ནི་དགྲར་ཡིད་ལ་བྱའོ། །མ་རིག་

D8.017.0297a07.01