完整藏文原文 · 德格版页 当前仅加载第 17 函德格 366a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཟད་པ་བསམ་པ་ཡོངས་སུ་རྫོགས་པ་འམ། སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པའི་སེམས་ཅན་སངས་རྒྱས་བྱེ་བ་མང་པོ་ལ་དགེ་བའི་རྩ་བ་བསྐྱེད་བསྐྱེད་པ་དག་དང་། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དགེ་བའི་བཤེས་གཉེན་ཀྱིས་ཡོངས་སུ་
D8.017.0366a01.01ཟིན་པ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་ཟབ་པ། འདི་ལྟར་བརྟག་དཀའ་བ། འདི་ལྟར་བརྟག་པའི་སྤྱོད་ཡུལ་མ་ཡིན་པ། འདི་ལྟར་ཕྲ་བ། འདི་ལྟར་གསལ་བ། འདི་ལྟར་བལྟ་དཀའ་བ། འདི་ལྟར་རྟོགས་པར་དཀའ་བ། འདི་ལྟར་ཞི་བ། འདི་ལྟར་
D8.017.0366a02.01བཟང་བ། འདི་ལྟར་ཤིན་ཏུ་འཕགས་པ། འདི་ལྟར་མཁས་ཤིང་ཤེས་པས་རིག་པར་བྱ་བ་འདི་ལ་ཡིད་ཆེས་པར་འགྱུར་བ་དེ་དག་ནི། གཟུགས་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་སྟོང་པ་ཉིད་གཟུགས་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། །ཚོར་
D8.017.0366a03.01པ་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། སྟོང་པ་ཉིད་ཚོར་བ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །འདུ་ཤེས་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར། སྟོང་པ་ཉིད་འདུ་ཤེས་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། །འདུ་བྱེད་སྟོང་ཞེས་བྱ་
D8.017.0366a04.01བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར། སྟོང་པ་ཉིད་འདུ་བྱེད་ཅེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། །རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར། སྟོང་པ་ཉིད་རྣམ་པར་ཤེས་པ་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། །གཟུགས་མཚན་མ་{མྱེད་,མེད་}ཅེས་
D8.017.0366a05.01བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར། མཚན་མ་{མྱེད་,མེད་}པ་གཟུགས་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། །ཚོར་བ་མཚན་མ་{མྱེད་,མེད་}པ་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར། མཚན་མ་{མྱེད་,མེད་}པ་ཚོར་བ་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། །
D8.017.0366a06.01འདུ་ཤེས་མཚན་མ་{མྱེད་,མེད་}ཅེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར། མཚན་མ་{མྱེད་,མེད་}པ་འདུ་ཤེས་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། །འདུ་བྱེད་མཚན་མ་{མྱེད་,མེད་}ཅེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར། མཚན་མ་{མྱེད་,མེད་}པ་འདུ་བྱེད་ཅེས་བྱ་བར་རྣམ་པར་
D8.017.0366a07.01