藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 17 函德格 72b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཞེ་ན། འདི་ལྟར་{མྱིང་,མིང་}གང་ཡིན་པ་དང་། ཆེན་པོ་སྟོང་པ་ཉིད་གང་ཡིན་པ་དེ་གཉིས་ཀ་ཡང་{མྱེད་,མེད་}ཅིང་{མྱི་,མི་}{དམྱིགས་,དམིགས་}ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ཙམ་མོ། །འདི་ལྟ་སྟེ། དོན་དམ་པ་སྟོང་པ་ཉིད་འདི་ནི་མིང་ཙམ་སྟེ། མིང་ལ་ཡང་དོན་དམ་

D8.017.0072b01.01
2

པ་སྟོང་པ་ཉིད་{མྱེད,མེད}། དོན་དམ་པ་སྟོང་པ་ཉིད་ལ་ཡང་{མྱིང་,མིང་}{མྱེད་,མེད་}དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་{མྱིང་,མིང་}གང་ཡིན་པ་དང་། དོན་དམ་པ་སྟོང་པ་ཉིད་གང་ཡིན་པ་དེ་གཉིས་ཀ་ཡང་{མྱེད་,མེད་}ཅིང་{མྱི་,མི་}{དམྱིགས་,དམིགས་}ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་{མྱིང་,མིང་}ཙམ་མོ། །

D8.017.0072b02.01
3

འདི་ལྟ་སྟེ། འདུས་བྱས་སྟོང་པ་ཉིད་འདི་ནི་{མྱིང་,མིང་}ཙམ་སྟེ། {མྱིང་,མིང་}ལ་ཡང་འདུས་བྱས་སྟོང་པ་ཉིད་{མྱེད,མེད}། འདུས་བྱས་སྟོང་པ་ཉིད་ལ་ཡང་{མྱིང་,མིང་}{མྱེད་,མེད་}དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་{མྱིང་,མིང་}གང་ཡིན་པ་དང་། འདུས་བྱས་སྟོང་པ་ཉིད་གང་ཡིན་པ་དེ་གཉིས་ཀ་ཡང་{མྱེད་,མེད་}ཅིང་{མྱི་,མི་}{དམྱིགས་,དམིགས་}ཏེ།

D8.017.0072b03.01
4

དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་{མྱིང་,མིང་}ཙམ་མོ། །འདི་ལྟ་སྟེ། འདུས་མ་བྱས་སྟོང་པ་ཉིད་འདི་ནི་{མྱིང་,མིང་}ཙམ་སྟེ། {མྱིང་,མིང་}ལ་ཡང་འདུས་མ་བྱས་སྟོང་པ་ཉིད་{མྱེད,མེད}། འདུས་མ་བྱས་སྟོང་པ་ཉིད་ལ་ཡང་{མྱིང་,མིང་}{མྱེད་,མེད་}དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་{མྱིང་,མིང་}

D8.017.0072b04.01
5

གང་ཡིན་པ་དང་། འདུས་མ་བྱས་སྟོང་པ་ཉིད་གང་ཡིན་པ་དེ་གཉིས་ཀ་ཡང་{མྱེད་,མེད་}ཅིང་{མྱི་,མི་}{དམྱིགས་,དམིགས་}ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་{མྱིང་,མིང་}ཙམ་མོ། །འདི་ལྟ་སྟེ། མཐའ་ལས་འདས་པ་སྟོང་པ་ཉིད་འདི་ནི་{མྱིང་,མིང་}ཙམ་སྟེ། {མྱིང་,མིང་}ལ་ཡང་

D8.017.0072b05.01
6

མཐའ་ལས་འདས་པ་སྟོང་པ་ཉིད་{མྱེད,མེད}། མཐའ་ལས་འདས་པ་སྟོང་པ་ཉིད་ལ་ཡང་{མྱིང་,མིང་}{མྱེད་,མེད་}དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་{མྱིང་,མིང་}གང་ཡིན་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་གང་ཡིན་པ་དེ་གཉིས་ཀ་ཡང་{མྱེད་,མེད་}ཅིང་{མྱི་,མི་}{དམྱིགས་,དམིགས་}ཏེ། དེའི་ཕྱིར་འདི་ལྟ་སྟེ།

D8.017.0072b06.01
7

བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་{མྱིང་,མིང་}ཙམ་མོ། །འདི་ལྟ་སྟེ། ཐོག་མ་དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཉིད་འདི་ནི་{མྱིང་,མིང་}ཙམ་སྟེ། {མྱིང་,མིང་}ལ་ཡང་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་{མྱེད,མེད}། ཐོག་མ་དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཉིད་ལ་ཡང་{མྱིང་,མིང་}{མྱེད་,མེད་}དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་

D8.017.0072b07.01