藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 17 函德格 254a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

རྗེ་ཆེན་པོ་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་{མྱི་,མི་}གནས་ཕྱི་རོལ་ན་ཡང་{མྱི་,མི་}གནས་གཉིས་ཀ་{མྱེད་,མེད་}པར་ཡང་མི་{དམྱིགས་,དམིགས་}སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་རང་བཞིན་གྱིས་སྟོང་པ་

D8.017.0254a01.01
2

སྟེ། དེ་ནི་ནང་ན་ཡང་{མྱི་,མི་}གནས་ཕྱི་རོལ་ན་ཡང་{མྱི་,མི་}གནས་གཉིས་ཀ་{མྱེད་,མེད་}པར་ཡང་{མྱི་,མི་}{དམྱིགས་,དམིགས་}སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མི་གནས་ཕྱི་རོལ་ན་ཡང་{མྱི་,མི་}གནས་གཉིས་ཀ་{མྱེད་,མེད་}པར་

D8.017.0254a02.01
3

ཡང་མི་དམིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་{མྱི་,མི་}གནས་ཕྱི་རོལ་ན་ཡང་མི་གནས་གཉིས་ཀ་{མྱེད་,མེད་}པར་ཡང་{མྱི་,མི་}{དམྱིགས་,དམིགས་}སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཕྱིར་{མྱི་,མི་}འོང་བའི་

D8.017.0254a03.01
4

འབྲས་བུ་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་{མྱི་,མི་}གནས་ཕྱི་རོལ་ན་ཡང་{མྱི་,མི་}གནས་གཉིས་ཀ་{མྱེད་,མེད་}པར་ཡང་{མྱི་,མི་}{དམྱིགས་,དམིགས་}སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དགྲ་བཅོམ་པ་ཉིད་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མི་གནས་ཕྱི་རོལ་ན་ཡང་{མྱི་,མི་}གནས་

D8.017.0254a04.01
5

གཉིས་ཀ་མེད་པར་ཡང་{མྱི་,མི་}{དམྱིགས་,དམིགས་}སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རང་བྱང་ཆུབ་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མི་གནས་ཕྱི་རོལ་ན་ཡང་{མྱི་,མི་}གནས་གཉིས་ཀ་{མྱེད་,མེད་}པར་ཡང་{མྱི་,མི་}{དམྱིགས་,དམིགས་}སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ལམ་གྱི་རྣམ་པ་

D8.017.0254a05.01
6

ཤེས་པ་ཉིད་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་{མྱི་,མི་}གནས་ཕྱི་རོལ་ན་ཡང་མི་གནས་གཉིས་ཀ་{མྱེད་,མེད་}པར་ཡང་{མྱི་,མི་}{དམྱིགས་,དམིགས་}སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་{མྱི་,མི་}གནས་

D8.017.0254a06.01
7

ཕྱི་རོལ་ན་ཡང་{མྱི་,མི་}གནས་གཉིས་ཀ་མེད་པར་ཡང་{མྱི་,མི་}{དམྱིགས་,དམིགས་}སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕྱིར་{མྱི་,མི་}གནས་པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ།

D8.017.0254a07.01