完整藏文原文 · 德格版页 当前仅加载第 17 函德格 363b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་དག་བདག་གིས་ཆོས་བསྟན་པ་ནི་སྒྱུ་མ་ལྟ་བུ་སྟེ། ལྷའི་བུ་དག་བདག་ལ་ཆོས་ཉན་པ་ཡང་སྒྱུ་མ་ལྟ་བུར་བཙལ་བར་བྱའོ། །ལྷའི་བུ་དག་བདག་གིས་ཆོས་བསྟན་པ་ནི་སྤྲུལ་པ་ལྟ་བུ་སྟེ། བདག་ལ་ཆོས་ཉན་པ་ཡང་
D8.017.0363b01.01སྤྲུལ་པ་ལྟ་བུར་བཙལ་བར་བྱ་སྟེ། དེ་དག་ནི་ཅི་ཡང་ཉན་པ་{མྱེད་,མེད་}ཅིང་། ཅི་ཡང་མངོན་དུ་བྱེད་པ་{མྱེད་,མེད་}དོ། །དེ་ནས་ལྷའི་བུ་དེ་དག་གིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་ཅི་སེམས་ཅན་དེ་དག་སྒྱུ་མ་ལྟ་བུ་སྟེ། ཆོས་ཉན་པ་དེ་དག་
D8.017.0363b02.01སྒྱུ་མ་ལྟ་བུ་ཡིན་ནམ། སེམས་ཅན་དེ་དག་སྤྲུལ་པ་ལྟ་བུ་སྟེ། ཆོས་ཉན་པ་དེ་དག་སྤྲུལ་པ་ལྟ་བུ་ཡིན་ནམ། རབ་འབྱོར་ཀྱིས་སྨྲས་པ། ལྷའི་བུ་དག་དེ་དེ་བཞིན་ནོ། དེ་དེ་བཞིན་ཏེ། སེམས་ཅན་དེ་དག་ནི་སྒྱུ་མ་ལྟ་བུ་སྟེ། ཆོས་ཉན་པ་དེ་དག་སྒྱུ་མ་ལྟ་བུའོ། །སེམས་ཅན་
D8.017.0363b03.01དེ་དག་ནི་སྤྲུལ་པ་ལྟ་བུ་སྟེ། ཆོས་ཉན་པ་དེ་དག་སྤྲུལ་པ་ལྟ་བུའོ། །ལྷའི་བུ་དག་སེམས་ཅན་དེ་དག་ནི་{རྨྱི་,རྨི་}ལམ་ལྟ་བུའོ། །ལྷའི་བུ་དག་སེམས་ཅན་དེ་དག་ནི་སྒྱུ་མ་ལྟ་བུའོ། །ལྷའི་བུ་དག་གཟུགས་ཀྱང་{རྨྱི་,རྨི་}ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ལྷའི་བུ་དག་ཚོར་བ་ཡང་{རྨྱི་,རྨི་}ལམ་ལྟ་བུ་
D8.017.0363b04.01སྒྱུ་མ་ལྟ་བུའོ། །ལྷའི་བུ་དག་འདུ་ཤེས་ཀྱང་{རྨྱི་,རྨི་}ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ལྷའི་བུ་དག་འདུ་བྱེད་ཀྱང་{རྨྱི་,རྨི་}ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ལྷའི་བུ་དག་རྣམ་པར་ཤེས་པ་ཡང་{རྨྱི་,རྨི་}ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ལྷའི་བུ་དག་{མྱིག་,མིག་}ཀྱང་{རྨྱི་,རྨི་}ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །རྣ་བ་ཡང་{རྨྱི་,རྨི་}ལམ་
D8.017.0363b05.01ལྟ་བུ་སྒྱུ་མ་ལྟ་བུའོ། །སྣ་ཡང་{རྨྱི་,རྨི་}ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ལྕེ་ཡང་{རྨྱི་,རྨི་}ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ལུས་ཀྱང་{རྨྱི་,རྨི་}ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ཡིད་ཀྱང་{རྨྱི་,རྨི་}ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །གཟུགས་ཀྱང་{རྨྱི་,རྨི་}ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །སྒྲ་ཡང་{རྨྱི་,རྨི་}ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །དྲི་
D8.017.0363b06.01ཡང་{རྨྱི་,རྨི་}ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །རོ་ཡང་{རྨྱི་,རྨི་}ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །རེག་ཀྱང་{རྨྱི་,རྨི་}ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ཆོས་ཀྱང་{རྨྱི་,རྨི་}ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །{མྱིག་,མིག་}གི་རྣམ་པར་ཤེས་པ་ཡང་{རྨྱི་,རྨི་}ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །རྣ་བའི་རྣམ་པར་ཤེས་པ་ཡང་{རྨྱི་,རྨི་}ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །
D8.017.0363b07.01