完整藏文原文 · 德格版页 当前仅加载第 17 函德格 166b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཏེ། དེ་ལྟར་ན་རྫུ་འཕྲུལ་གྱི་རྐང་པ་རྣམས་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རྫུ་
D8.017.0166b01.01འཕྲུལ་གྱི་རྐང་པ་རྣམས་ཀྱི་འགྲིབ་པ་གང་ལགས་པ་དེ་རྫུ་འཕྲུལ་གྱི་རྐང་པ་རྣམས་མ་ལགས་སོ། །བཅོམ་ལྡན་འདས་དབང་པོ་རྣམས་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་དབང་པོ་རྣམས་མ་ལགས་ཏེ། དེ་ལྟར་ན་དབང་པོ་རྣམས་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་
D8.017.0166b02.01བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་དབང་པོ་རྣམས་ཀྱི་འགྲིབ་པ་གང་ལགས་པ་དེ་དབང་པོ་རྣམས་མ་ལགས་སོ། །བཅོམ་
D8.017.0166b03.01ལྡན་འདས་སྟོབས་རྣམས་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་སྟོབས་རྣམས་མ་ལགས་ཏེ། དེ་ལྟར་ན་སྟོབས་རྣམས་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་
D8.017.0166b04.01ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་སྟོབས་རྣམས་ཀྱི་འགྲིབ་པ་གང་ལགས་པ་དེ་སྟོབས་རྣམས་མ་ལགས་སོ། །བཅོམ་ལྡན་འདས་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་
D8.017.0166b05.01མ་ལགས་ཏེ། དེ་ལྟར་ན་བྱང་ཆུབ་ཀྱི་ཡན་ལག་རྣམས་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་
D8.017.0166b06.01ལགས་ཏེ། དེའི་སླད་དུ་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་འགྲིབ་པ་གང་ལགས་པ་དེ་བྱང་ཆུབ་ཀྱི་ཡན་ལག་རྣམས་མ་ལགས་སོ། །བཅོམ་ལྡན་འདས་འཕགས་པའི་ལམ་ཡན་ལག་བརྒྱད་པའི་འགྲིབ་པ་གང་ལགས་པ་དེ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་ལགས་
D8.017.0166b07.01