藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 17 函德格 168b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

རྣམས་ཀྱི་འགྲིབ་པ་གང་ལགས་པ་དེ་གཟུངས་ཀྱི་སྒོ་རྣམས་མ་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྟོབས་བཅུའི་འགྲིབ་པ་གང་ལགས་པ་དེ་ནི་དེ་བཞིན་གཤེགས་པའི་སྟོབས་རྣམས་མ་ལགས་ཏེ། དེ་ལྟར་ན་དེ་བཞིན་གཤེགས་པའི་སྟོབས་རྣམས་

D8.017.0168b01.01
2

དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་དེ་བཞིན་གཤེགས་པའི་སྟོབས་

D8.017.0168b02.01
3

རྣམས་ཀྱི་འགྲིབ་པ་གང་ལགས་པ་དེ་དེ་བཞིན་གཤེགས་པའི་སྟོབས་རྣམས་མ་ལགས་སོ། །བཅོམ་ལྡན་འདས་མི་འཇིགས་པ་རྣམས་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་{མྱི་,མི་}འཇིགས་པ་རྣམས་མ་ལགས་ཏེ། དེ་ལྟར་ན་{མྱི་,མི་}འཇིགས་པ་རྣམས་དང་འགྲིབ་པ་དེ་གཉིས་སུ་མ་

D8.017.0168b03.01
4

མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་མི་འཇིགས་པ་རྣམས་ཀྱི་འགྲིབ་པ་གང་ལགས་པ་དེ་{མྱི་,མི་}

D8.017.0168b04.01
5

འཇིགས་པ་རྣམས་མ་ལགས་སོ། །བཅོམ་ལྡན་འདས་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་སོ་སོ་ཡང་དག་པར་རིག་པ་རྣམས་མ་ལགས་ཏེ། དེ་ལྟར་ན་སོ་སོ་ཡང་དག་པར་རིག་པ་རྣམས་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་

D8.017.0168b05.01
6

སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་འགྲིབ་པ་གང་ལགས་པ་དེ་སོ་སོ་ཡང་དག་

D8.017.0168b06.01
7

པར་རིག་པ་རྣམས་མ་ལགས་སོ། །བཅོམ་ལྡན་འདས་བྱམས་པ་ཆེན་པོའི་འགྲིབ་པ་གང་ལགས་པ་དེ་ནི་བྱམས་པ་ཆེན་པོ་མ་ལགས་ཏེ། དེ་ལྟར་ན་བྱམས་པ་ཆེན་པོ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་

D8.017.0168b07.01