藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 17 函德格 144b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་དྲིའི་མ་སྐྱེས་པ་གང་ལགས་པ་དེ་དྲི་མ་ལགས་

D8.017.0144b01.01
2

སོ། །བཅོམ་ལྡན་འདས་རོའི་མ་སྐྱེས་པ་གང་ལགས་པ་དེ་རོ་མ་ལགས་ཏེ། དེ་ལྟར་ན་རོ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ། གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། །བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་

D8.017.0144b02.01
3

ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རོའི་མ་སྐྱེས་པ་གང་ལགས་པ་དེ་རོ་མ་ལགས་སོ། །བཅོམ་ལྡན་འདས་རེག་གི་མ་སྐྱེས་པ་གང་ལགས་པ་དེ་རེག་མ་ལགས་ཏེ། །དེ་ལྟར་ན་རེག་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ། གཉིས་སུ་བགྱིར་མ་

D8.017.0144b03.01
4

མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རེག་གི་མ་སྐྱེས་པ་གང་ལགས་པ་དེ་རེག་མ་ལགས་སོ། །བཅོམ་ལྡན་འདས་ཆོས་ཀྱི་མ་

D8.017.0144b04.01
5

སྐྱེས་པ་གང་ལགས་པ་དེ་ཆོས་མ་ལགས་ཏེ། དེ་ལྟར་ན་ཆོས་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ། གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། །བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་

D8.017.0144b05.01
6

དད་པ་མ་ལགས་ཏེ། དེའི་སླད་དུ་ཆོས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་ཆོས་མ་ལགས་སོ། །བཅོམ་ལྡན་འདས་{མྱིག་,མིག་}གི་རྣམ་པར་ཤེས་པའི་མ་སྐྱེས་པ་གང་ལགས་པ་དེ་{མྱིག་,མིག་}གི་རྣམ་པར་ཤེས་པ་མ་ལགས་ཏེ། དེ་ལྟར་ན་{མྱིག་,མིག་}གི་རྣམ་པར་ཤེས་པ་དང་མ་སྐྱེས་པ་

D8.017.0144b06.01
7

དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་{མྱིག་,མིག་}གི་རྣམ་པར་ཤེས་པའི་མ་སྐྱེས་པ་གང་

D8.017.0144b07.01