完整藏文原文 · 德格版页 当前仅加载第 17 函德格 309b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
རང་བྱང་ཆུབ་སྟོང་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་སྟོང་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་པ་ཉིད་དང་། བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་དེ་ལ་གཉིས་སུ་{མྱེད་,མེད་}ཅིང་གཉིས་སུ་བྱར་{མྱེད་,མེད་}དེ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་
D8.017.0309b01.01སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་{ཕྱིནད་,ཕྱིན་}པ་ལ་དེ་ལྟར་གནས་པར་བྱའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་གཅིག་པ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། གནས་བརྟན་
D8.017.0309b02.01རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་{ཕྱིནད་,ཕྱིན་}པ་ལ་གནས་པར་{མྱི་,མི་}བྱ། །རབ་འབྱོར་ཀྱིས་སྨྲས་པ། ཀཽ་ཤི་ཀ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་
D8.017.0309b03.01ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་{ཕྱིནད་,ཕྱིན་}པ་ལ་སྤྱོད་པའི་ཚེ། {དམྱིགས་,དམིགས་}པའི་ཚུལ་གྱིས། གཟུགས་ལ་གནས་པར་{མྱི་,མི་}བྱའོ། །{དམྱིགས་,དམིགས་}པའི་ཚུལ་གྱིས། ཚོར་བ་ལ་གནས་པར་{མྱི་,མི་}བྱའོ། །{དམྱིགས་,དམིགས་}པའི་ཚུལ་གྱིས། འདུ་ཤེས་ལ་གནས་པར་{མྱི་,མི་}བྱའོ། །
D8.017.0309b04.01{དམྱིགས་,དམིགས་}པའི་ཚུལ་གྱིས། འདུ་བྱེད་ལ་གནས་པར་{མྱི་,མི་}བྱའོ། །{དམྱིགས་,དམིགས་}པའི་ཚུལ་གྱིས། རྣམ་པར་ཤེས་པ་ལ་གནས་པར་{མྱི་,མི་}བྱའོ། །{དམྱིགས་,དམིགས་}པའི་ཚུལ་གྱིས། {མྱིག་,མིག་}ལ་གནས་པར་{མྱི་,མི་}བྱའོ། །{དམྱིགས་,དམིགས་}པའི་ཚུལ་གྱིས། རྣ་བ་ལ་གནས་པར་{མྱི་,མི་}བྱའོ། །
D8.017.0309b05.01{དམྱིགས་,དམིགས་}པའི་ཚུལ་གྱིས། སྣ་ལ་གནས་པར་{མྱི་,མི་}བྱའོ། །{དམྱིགས་,དམིགས་}པའི་ཚུལ་གྱིས། ལྕེ་ལ་གནས་པར་{མྱི་,མི་}བྱའོ། །{དམྱིགས་,དམིགས་}པའི་ཚུལ་གྱིས། ལུས་ལ་གནས་པར་{མྱི་,མི་}བྱའོ། །{དམྱིགས་,དམིགས་}པའི་ཚུལ་གྱིས། ཡིད་ལ་གནས་པར་{མྱི་,མི་}བྱའོ། །
D8.017.0309b06.01{དམྱིགས་,དམིགས་}པའི་ཚུལ་གྱིས། གཟུགས་ལ་གནས་པར་{མྱི་,མི་}བྱའོ། །{དམྱིགས་,དམིགས་}པའི་ཚུལ་གྱིས། སྒྲ་ལ་གནས་པར་{མྱི་,མི་}བྱའོ། །{དམྱིགས་,དམིགས་}པའི་ཚུལ་གྱིས། དྲི་ལ་གནས་པར་{མྱི་,མི་}བྱའོ། །{དམྱིགས་,དམིགས་}པའི་ཚུལ་གྱིས། རོ་ལ་གནས་པར་{མྱི་,མི་}བྱའོ། །{དམྱིགས་,དམིགས་}པའི་ཚུལ་གྱིས།
D8.017.0309b07.01