完整藏文原文 · 德格版页 当前仅加载第 17 函德格 120a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ནམ་མཁའི་ཁམས་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མེད་དོ། །རྣམ་པར་ཤེས་པའི་ཁམས་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མེད་དོ། །ཚེ་དང་ལྡན་པ་ཤ་ར་
D8.017.0120a01.01དྭ་ཏིའི་བུ། མ་རིག་པ་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་{མྱེད་,མེད་}དོ། །འདུ་བྱེད་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་{མྱེད་,མེད་}དོ། །རྣམ་པར་ཤེས་པ་ནི་མངོན་པར་འདུ་མ་བྱས་པ་སྟེ།
D8.017.0120a02.01དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་{མྱེད་,མེད་}དོ། {མྱིང་,མིང་}དང་གཟུགས་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་{མྱེད་,མེད་}དོ། །སྐྱེ་མཆེད་དྲུག་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་
D8.017.0120a03.01འདུ་བྱེད་པ་{མྱེད་,མེད་}དོ། །རེག་པ་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་{མྱེད་,མེད་}དོ། །ཚོར་བ་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མེད་དོ། །སྲེད་པ་ནི་མངོན་པར་འདུ་མ་བྱས་པ་སྟེ།
D8.017.0120a04.01དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་{མྱེད་,མེད་}དོ། །ལེན་པ་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་{མྱེད་,མེད་}དོ། །སྲིད་པ་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་{མྱེད་,མེད་}དོ། །སྐྱེ་བ་
D8.017.0120a05.01ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་{མྱེད་,མེད་}དོ། །རྒ་ཤི་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་{མྱེད་,མེད་}དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་མངོན་པར་
D8.017.0120a06.01འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་{མྱེད་,མེད་}དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་{མྱེད་,མེད་}དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་མངོན་པར་འདུ་མ་བྱས་པ་སྟེ།
D8.017.0120a07.01