完整藏文原文 · 德格版页 当前仅加载第 17 函德格 200b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་{མྱེད་,མེད་}ཅེས་བྱ་བར་ཡོངས་སུ་{མྱི་,མི་}རྟོག་གོ །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་{མྱེད་,མེད་}ཅེས་བྱ་བར་ཡོངས་སུ་{མྱི་,མི་}རྟོག་གོ །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཞི་ཞེས་བྱ་བ་
D8.017.0200b01.01དང་། མ་ཞི་ཞེས་བྱ་བར་ཡོངས་སུ་{མྱི་,མི་}རྟོག་གོ །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དབེན་ཞེས་བྱ་བ་དང་། {མྱི་,མི་}དབེན་ཞེས་བྱ་བར་ཡོངས་སུ་{མྱི་,མི་}རྟོག་གོ །དེ་ལྟ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
D8.017.0200b02.01སྤྱོད་པའི་ཚེ། ཆོས་འདི་དག་ལ། ཡོངས་སུ་རྟོག་པ་{མྱེད་,མེད་}པའི་ཚུལ་གྱིས། དེ་ལྟར་ཡོངས་སུ་རྟོག་གོ། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་གསུམ་པ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་ཅིའི་
D8.017.0200b03.01ཕྱིར། དེ་སྐད་དུ། གཟུགས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། གཟུགས་མ་ཡིན། ཚོར་བའི་མ་སྐྱེས་པ་གང་ཡིན་པ་དེ་ནི། ཚོར་བ་མ་ཡིན། འདུ་ཤེས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། འདུ་ཤེས་མ་ཡིན། འདུ་བྱེད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། འདུ་བྱེད་མ་ཡིན། རྣམ་པར་
D8.017.0200b04.01ཤེས་པའི་མ་སྐྱེས་པ་གང་ཡིན་པ་དེ་ནི། རྣམ་པར་ཤེས་པ་མ་ཡིན་ཞེས་ཟེར། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན། དེ་སྐད་དུ། {མྱིག་,མིག་}གི་མ་སྐྱེས་པ་གང་ཡིན་པ་དེ་ནི། {མྱིག་,མིག་}མ་ཡིན། རྣ་བའི་མ་སྐྱེས་པ་གང་ཡིན་པ་དེ་ནི། རྣ་བ་མ་ཡིན། སྣའི་མ་སྐྱེས་པ་གང་ཡིན་པ་
D8.017.0200b05.01དེ་ནི། སྣ་མ་ཡིན། ལྕེའི་མ་སྐྱེས་པ་གང་ཡིན་པ་དེ་ནི། ལྕེ་མ་ཡིན། ལུས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། ལུས་མ་ཡིན། ཡིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། ཡིད་མ་ཡིན་ཞེས་ཟེར། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན། དེ་སྐད་དུ། གཟུགས་ཀྱི་མ་སྐྱེས་པ་
D8.017.0200b06.01གང་ཡིན་པ་དེ་ནི། གཟུགས་མ་ཡིན། སྒྲའི་མ་སྐྱེས་པ་གང་ཡིན་པ་དེ་ནི། སྒྲ་མ་ཡིན། དྲིའི་མ་སྐྱེས་པ་གང་ཡིན་པ་དེ་ནི། དྲི་མ་ཡིན། རོའི་མ་སྐྱེས་པ་གང་ཡིན་པ་དེ་ནི། རོ་མ་ཡིན། རེག་གི་མ་སྐྱེས་པ་གང་ཡིན་པ་དེ་ནི། རེག་མ་ཡིན། ཆོས་ཀྱི་མ་སྐྱེས་པ་གང་ཡིན་པ་
D8.017.0200b07.01